དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་དུ་ཆུ་རུད་བྱུང་རྐྱེན་ད་ལྟ་རྩད་ཆོད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-30

    གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་དུ་ཆུ་རུད་བྱུང་རྐྱེན་རྩད་ཆོད་པ་སྟེ། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་རི་ཁུལ་སུའོ་ཡི་འཁྱགས་རོམ་ཁུལ་གྱི་འཕྲལ་སྡོམ་གནོད་འཚེ་ཉུང་གཏོང་ཚོགས་པས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་ས་ཡུལ་དངོས་ནས་བསྐུར་བའི་དཔྱད་གཞིའི་ཡིག་རིགས་ལ་དབྱེ་ཞིབ་སྒོས་ས་ཡུལ་དངོས་སུ་རྩད་ཞིབ་དང་བཅར་འདྲི་བྱས་པ་བརྒྱུད། པེ་ཅིང་གི་དུས་ཚོད་ཟླ་8ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་52ཡས་མས་སུ་ནེ་པ་ལའི་མངའ་ཁོངས་ཀྱི་ལན་ཐང་ལི་རང་རི་བོའི་ལྷོ་ངོས་ཀྱི་ས་བབ་སྨི་5200ཙམ་གྱི་འཁྱགས་རོམ་གས་ཏེ་མཐོ་ས་ནས་སྨི་4000ཡས་མས་ལ་ཤུགས་ཀྱིས་ཟགས་པ་དེ་རི་འདབས་ལ་བརྡབས་ནས་ཆུ་རུད་ཧ་ཅང་ཆེན་པོ་ཐོན་པ་དང་། དེ་སྤྱི་ལེ་22ཙམ་མགྱོགས་ཤུགས་ཆེན་པོས་བཞུར་རྗེས་ས་བབ་སྨི་1800ཡི་ཡས་མས་སུ་ཡོད་པའི་སྐྱིད་གྲོང་འགག་སྒོར་སླེབས་ནས་ས་ཁོངས་དེའི་སྤྱི་ལེ་གྲུ་བཞི་མ་0.7ཙམ་དང་། ཁང་པ་27 དེ་བཞིན་ཞོར་གཏོགས་ཀྱི་སྒྲིག་ཆས་ཚང་མ་སྤྱིར་ན་རྩ་མེད་ཤུལ་མེད་དུ་བཏང་བའི་ངོས་འཛིན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།