སྐྱིད་གྲོང་གི་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་གསར་ཤོས།
ཚེས་30ཉིན། བོད་ལྗོངས་སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐྱིད་གྲོང་གྲོང་རྡལ་དུ་འཚོགས་པ་རེད། ཟླ་8ཚེས་26ཉིན་གྱི་སྔ་དྲོར་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་དང་འབྲེལ་བ་ཆད་ཡོད་པ་རེད། ཚེས་29ཉིན་གྱི་ཆུ་ཚོད་18བར། མི་16རྐྱེན་ལམ་དུ་ཤོར་བ་དང་མི་546དང་འབྲེལ་བ་ཆད་ཡོད་པ་རེད།

ཡོངས་བསྒྲགས་ཚོགས་འདུར་ཚང་མས་ཡར་ལངས་ནས་སྐྱིད་གྲོང་གི་“8·26”ཆུ་རུད་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།