དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོར་དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད་སྤེལ་ནས་བྱེད་ཐབས་16དོན་འཁྱོལ་བྱས་ཏེ་ཁྲལ་དང་གྲོན་དངུལ་འཇལ་བར་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-30

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ད་ལོའི་ཟླ་4པར《2026ལོའི“དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”སྤེལ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་སྟེ། དམངས་ལ་སྟབས་བདེ་བསྐྲུན་རྒྱུ་དང་ཁེ་ལས་ལ་ཕན་པ་བསྐྲུན་རྒྱུའི་ཞབས་ཞུའི་བྱེད་ཐབས་ཁག་གཅིག་གཅིག་སྡུད་ཐོག་བཏོན་ཡོད། མིག་སྔའི་བར་རིག་ནུས་ཁྲལ་གཉེར་དང་ཡིད་རྟོན་སླར་གསོ་སོགས་ཀྱི་བྱེད་ཐབས་16ལག་བསྟར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་ཡོད།

    “རིག་ནུས་འདུན་ཞུ་རིམ་སྤོར”དང“གྲངས་འཛིན་མྱོང་རོལ་གསར་གཏོད”ཅེས་པའི་བྱེད་ཐབས་གཉིས་ཐེངས་འདིའི་བྱ་སྤྱོད་ཀྱི་མདུན་གྲལ་དུ་བཞག་ཅིང་། ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ནན་ཧྲན་ཆུས་ཁྲལ་དོན་ཅུས་ཀྱིས་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་རིགས་ལ་བརྟེན་ནས། གློག་རྡུལ་ཁྲལ་དོན་ཅུས་ཀྱི་འཇལ་སྤྲོད་མཉམ་འགུལ་རྣམ་པའི་ལས་སྟེཌ་སུ་རྣམ་པ་ཅན་དང་དྲི་བ་དྲིས་ལན་ཅན་གྱི་རམ་འདེགས་ཁྲིད་སྟོན་གྱི་རིག་ནུས་ལས་རོགས་བཀོད་སྒྲིག་བྱས་པ་དང་། ཀྲའོ་ཆིང་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཆུ་ཚོད་7×24ཡི་རིག་ནུས་དང་མི་ཐབས་ཟུང་དུ་འབྲེལ་བའི་ཐབས་ལམ་གཉིས་ཀྱི་ཞབས་ཞུའི་མ་ལག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།