དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་མང་ཚོགས་ཀྱི་གྲོས་འགོ་རེ་རེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞན་ཝུན་ཅིང་།   |     སྤེལ་དུས།  2026-08-30

    ཟླ་8ཚེས་12ཉིན་གྱི་ཕྱི་དྲོར། ལས་ཐག་བཅད་མ་ཐག་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀོ་ཁྲེང་ཐའེ་ཁྲོམ་གཞུང་ཁུ་ནུ་ལམ་སྡེ་ཁུལ་ནུབ་མའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧྭ་དང་ཧྲུའུ་ཅི་གཞོན་པ་ཤའོ་ནཱ་གཉིས་ཐད་ཀར་མི་རིང་བའི་སར་གནས་པའི་ཤིས་ཧྲན་སྲང་ལམ་དང་པོའི་སྒོ་ར་དྲུག་པར་བསྐྱོད། འཁྲུག་ཆ་དོད་པའི་དམངས་ཕན་ཁྲོམ་ར་བརྒྱུད་དེ་ཁང་པ་སྟར་པ་གསུམ་པའི་ཉེ་འགྲམ་དུ་སླེབས་སྐབས། སྡེ་ཁུལ་གྱི་གྲོང་མི་ཅང་རུའེ་ལན་དང་འཕྲད།

    “ཧྲུའུ་ཅི་ལགས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ཆར་པ་བབས་ནའང་སེམས་ཁྲལ་གཏན་ནས་མི་འདུག”ཁོ་གཉིས་ཀྱིས་སྐད་ཆ་མ་དྲིས་གོང་དུ་ཅང་རུའེ་ལན་གྱིས་ཐུགས་རྗེ་ཆེ་ཡང་ཡང་ཞུས། “དེ་སྔ་ཆར་པ་བབས་ཕྱིན་ཉི་གཡབ་ནས་ཆུ་འཛགས་ཏེ་གྱང་ངོས་རློན་རྐྱང་ཆགས་ཀྱི་ཡོད། ད་ཆ་སེམས་ཁྲལ་བྱེད་དགོས་མི་འདུག ”

    ཅང་རུའེ་ལན་གྱིས་བཤད་པའི་གནས་ཚུལ་དེ་ཡང་ད་ལོའི་ཟླ་5པ་ནས་འགོ་ཚུགས་དགོས་ཤིང་། ཤིས་ཧྲན་སྲང་ལམ་དང་པོའི་སྒོ་ར་དྲུག་པའི་གྲོང་མིའི་དུད་ཚང་མང་པོ་ཞིག་གིས་མི་དམངས་ཀྱི་གྲོས་འགོ་བསྡུ་རུབ་ལས་སྟེགས་དང་། 12345ཐད་སྦྲེལ་ཁ་པར། དེ་བཞིན་དྲ་ཕྱི་ནས་ཤེས་རྟོགས་བཅས་བརྒྱུད་དེ་ཁང་པར་ལོ་མང་ཉམས་གསོ་བྱས་མེད་པ་དང་། གྱང་ངོས་བཞའ་ཚན་གྱིས་རལ་བ། ཆར་དུས་སུ་ཉི་གཡབ་ནས་ཆུ་འཛགས་ཏེ་གྱང་ངོས་རློན་རྐྱང་ཆགས་པ། ནང་ཆས་ལ་གནོད་སྐྱོན་ཕོག་པ་བཅས་ལས་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་སྐོར་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་འོས་འཚམ་བྱ་རྒྱུ་དང་འབྲེལ་སྡེ་ལས་ཀུང་སིར་རོགས་རམ་བྱ་རྒྱུའི་གྲོས་འགོ་བཏོན། མང་ཚོགས་ཀྱི་གྲོས་འགོ་འབྱོར་རྗེས་ཟི་ལིང་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་འཕྲལ་དུ་སྡེ་ཁུལ་དང་འབྲེལ་བ་བྱས་ནས་ཞིབ་དཔྱད་ཐག་གཅོད་བྱས་པ་རེད།

    “ཁུལ་ཆུང་དེ་ནི་1986ལོར་བསྐྲུན་པ་ཞིག་ཡིན་པ་དང་། ཁང་པ་སྟར་པ་གསུམ་ལ་ཁྱོན་གྲོང་མིའི་དུད་ཚང་145ཡོད། དེར་གཅིག་ནས་སྡེ་ལས་མེད་ལ་གཉིས་ནས་གཙོ་གཉེར་ཚན་པ་མེད་པ་དང་གསུམ་ནས་ཉམས་གསོའི་དངུལ་མེད་པས། དཔེ་མཚོན་གྱི‘མེད་པ་གསུམ’གྱི་ཐོག་ཁང་རྙིང་པ་རེད། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་དམིགས་ནས་སྡེ་ཁུལ་གྱི‘ཨུ་ལྷན་གཉིས’ཚན་ཁག་གིས་ཏང་ཡོན་དང་དྲ་མིག་པ་སྒྲིག་འཛུགས་བྱས་ཏེ་དུད་ཚང་རེ་རེ་བཞིན་དུ་འཚམས་འདྲིར་བསྐྱོད་པ་མ་ཟད། གྲོང་མིའི་ཚོགས་ཆེན་འཚོགས་ནས་མཉམ་དུ་གྲོས་བསྡུར་བྱས་མཐར་སྡེ་ཁུལ་གྱིས་དམངས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ་སྒོར་ཁྲི་9ལྷག་ཙམ་བཏོན་ནས་ཁང་པ་སྟར་པ་3ལ་གཅིག་གྱུར་ཐོག་མདའ་གཡབ་བསྒར་རྒྱུའི་ཐག་བཅད་པ་རེད། དེའི་འགྲོ་གྲོན་ཚང་མ་སྡེ་ཁུལ་ནས་བཏང་བ་དང་གྲོང་མིའི་ས་ནས་དངུལ་སྐར་ལི་གཅིག་ཀྱང་བསྡུས་མེད། ཟླ་6ཚེས་30ཉིན་ལས་མཇུག་འགྲིལ་ནས་ཆུ་འཛགས་པའི་དཀའ་གནད་རྦད་དེ་ཐག་གཅོད་ཐུབ་ཡོད”ཅེས་ཝང་ཞའོ་ཧྭ་ཡིས་བཤད།

    མང་ཚོགས་ཀྱིས་གྲོས་འགོ་བཏོན་པ་ནས་སྡེ་ཁུལ་གྱིས་མང་ཚོགས་ཀྱི་སྒོ་རྩར་བསམ་འཆར་ཉན་པ་དང་། དེ་ནས་ལས་གྲྭ་དོན་འཁྱོལ་བྱུང་ནས་མང་ཚོགས་ཀྱི་སེམས་ཁྲལ་བསལ་བའི་བར། མདའ་གཡབ་ཆུང་ཆུང་དེ་མི་དམངས་ཀྱི་བསམ་འཆར“ཤོག་ངོས”ནས“དོན་དངོས”སུ་གྱུར་པའི་དཔེ་མཚོན་དུ་གྱུར་ཡོད།

    འགྱུར་ལྡོག་དེ་ལྟ་བུ་མཚོ་སྔོན་གྱི་ས་གནས་ཁག་ཏུ་རིམ་བཞིན་ཐོན་བཞིན་ཡོད།

    མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཁྱི་ཁྲི་ཤང་གི་བཙོག་ཆུའི་འགྱུར་ལྡོག་ལ་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཅིང་། དེ་སྔ་ཤང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་ལྷན་སྦྱར་གྱི་མདོང་ལམ་དྲ་བ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ཀྱི་མེད་པས། གནད་དོན་དེ་ཡུལ་མི་ཚོའི་སེམས་ནད་ཅིག་ཏུ་གྱུར་ཡོད། ཡུལ་མིས་གནད་དོན་གོང་ཞུ་བྱས་རྗེས་དགའ་བདེ་རྫོང་ཨུད་སྤྱི་ཚོགས་ལས་དོན་པུས་ཤང་སྲིད་གཞུང་དང་མཉམ་དུ་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱེད་པར་བསྐྱོད་པ་མ་ཟད། ཉེ་འཁོར་གྱི་ཡུལ་མི་དུད་ཚང་རེ་རེ་བཞིན་ལ་སྐད་ཆ་དྲིས་ནས་མདོང་དྲ་ཁྲིད་ཕྱོགས་དང་རྒྱུན་གཏན་གྱི་བེད་སྤྱོད་ཁྲོད་ཀྱི་དཀའ་ངལ་དངོས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཕྱོགས་མང་པོའི་མཐུན་སྦྱོར་འོག་གཏོར་སྐྱོན་ཕོག་པའི་མདོང་དྲ་ཉམས་བཟོ་ཐུབ་ཡོད་ལ། སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་དང་། འཁྱགས་འགོག་བཀོལ་སྤྱོད་བདག་སྐྱོང་། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་ལམ་སྲོལ་ཡང་རེ་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། བདག་སྐྱོང་བྱེད་མཁན་བཀོད་སྒྲིག་ཡག་པོ་ཐུབ་པ་དང་བཀོལ་སྤྱོད་བདག་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་པས་བཙོག་ཆུའི་གནད་དོན་གཞི་ནས་ཐག་གཅོད་བྱུང་ཡོད།

    རྗེས་སྙེག་ལྟ་སྐུལ་མཛུབ་ཁྲིད་ནས་གྲུབ་འབྲས་གཞན་སྒྱུར་བར། མང་ཚོགས་ཀྱི་གྲོས་འགོ་རེ་རེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བཞིན་ཡོད།

    “གོམ་སྟབས་རྗེས་མར་ཞིང་ཨུད་སྤྱི་ཚོགས་ལས་དོན་པུས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ནས། གཞི་རིམ་གྱི་རིམ་ཁག་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྤྱི་འདོམས་མཛུབ་ཁྲིད་བྱས་ཏེ། ཐབས་ལམ་དེ་བས་ཡངས་པའི་ཐོག་ནས་དམངས་ཀྱི་འདོད་བློ་བསྡུ་རུབ་དང་། རིམ་པ་དེ་བས་ཟབ་པའི་སྒོ་ནས་དམངས་འཚོར་ཞིབ་འཇུག་བརྡར་གཅོད། བྱ་ཐབས་ཏན་ཏིག་དམངས་ཀྱི་བློ་གྲོས་སུ་འགྱུར་བ་བཅས་བྱས་ཏེ། མི་དམངས་ཀྱི་གྲོས་འགོ་བསྡུ་རུབ་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བ་དང་གཏིང་ཟབ་དང་ཏན་ཏིག་ཡོང་བ་བྱེད་ཀྱི་ཡིན”ཞེས་ཞིང་ཨུད་སྤྱི་ཚོགས་ལས་དོན་པུའི་འབྲེལ་ཡོད་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།