ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོཌ་པས་བོད་དུ《ངའི་ཕུཌ་འདུན》ཞེས་པའི་སྤྱི་ཕན་འཁྲབ་སྟོན་བྱས་པ།
ཉིན་ཤས་གོང་། བོད་ལྗོངས་ཟློས་གར་ཁང་ཆེན་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པས《ངའི་ཕུགས་འདུན》ཞེས་པའི་སྤྱི་ཕན་འཁྲབ་སྟོན་དེ་གར་བྱས་པ་རེད། དེ་ནི་སྒྱུ་རྩལ་ཚོགས་པ་བཙུགས་པ་ནས་བོད་དུ་འཁྲབ་སྟོན་བྱེད་ཐེངས་དང་པོ་རེད། འཁྲབ་སྟོན་ཡོངས་ལ་ལེ་ཚན་རྩེ་གྲ་15ཡོད་དེ། སྲོལ་རྒྱུན་ཞབས་བྲོ་དང་། ལག་བརྡའི་སྙན་ངག རོལ་དབྱངས་དཀྲོལ་བ་སོགས་སྒྱུ་རྩལ་གྱི་རྣམ་པ་མཉམ་འདྲེས་བྱས་ཏེ། ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ཆུ་ཚད་དང་བརྩེ་དུང་གིས་ཕྱུག་པར་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་འཚོ་བར་རེ་བས་ཁེངས་པ་དང་ཕུགས་འདུན་དོན་གཉེར་གྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ཚད་མཐོ་བའི་མིག་དང་རྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།
འཁྲབ་སྟོན་ནང་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་ཞིབ་ཚགས་བྱས་པ་དང་བོད་རིགས་དབང་པོ་སྐྱོན་ཅན་འཁྲབ་སྟོན་པ་ཆེད་མངགས་གདན་དྲངས་ནས་འཁྲབ་སྟོན་བྱས་པ་རེད། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་ནས་ཡོང་བའི་རྣ་དབང་ལ་སྐྱོན་ཡོད་པའི་འཁྲབ་སྟོན་པ་ལྷ་མོ་ཆོས་སྒྲོན་གྱིས“དམིགས་བསལ་སྒྱུ་རྩལ་གྱིས་ང་ཚོ་གཟུགས་པོའི་བཀག་རྒྱ་ལས་ཐར་ཏེ་གར་སྟེགས་ཐོག་འཇོན་ཐང་ངོམ་རྒྱུ་བྱུང་། ང་ཚོའི་འཁྲབ་སྟོན་བརྒྱུད་གངས་ལྗོངས་ས་མཐོའི་སྤུན་ཟླ་དེ་བས་མང་བས་རེ་བ་མཐོང་བ་དང་དཔའ་ངར་ཆེན་པོས་ཕུགས་འདུན་དོན་དུ་གཉེར་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།