དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མི་མེད་གནམ་གྲུ་གསར་དར་ཁྲོམ་རར་དགོས་མཁོ་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-30

    འདི་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་པཱ་པུའུ་ཧྲ་ནགས་རའི་ལས་མི་ཀོ་ཤིས་ཀྱིས་མི་མེད་གནམ་གྲུ་སྤྱད་དེ་སྐོར་སྲུང་བྱེད་བཞིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལང་པིང་པིང་གིས་པར་བརྒྱབ)

    ཀྲུང་གོས་བཟོས་པའི་མི་མེད་གནམ་གྲུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཁྲོམ་རར་དེ་བས་མྱུར་པོའི་སྒོ་ནས་འདོན་བཞིན་ཡོད་ཅིང་། ཞིང་ལས་དང་ཐིག་ལེན་རིས་འབྲི་སོགས་དམངས་སྤྱོད་ཁྱབ་ཁོངས་སུ་མི་མེད་གནམ་གྲུའི་དགོས་མཁོ་ཆེ་རུ་ཤུགས་ཆེན་འགྲོ་བཞིན་ཡོད།

    ཉེ་ཆར། ཧྲང་ཧའེ་རུ་གཉེར་བའི་འགྲེམས་ཚོགས་ཤིག་ཏུ། ཅང་སུའུ་སུའུ་ཀྲོའུ་ཡི་མི་མེད་གནམ་གྲུའི་འགྲེམས་ཞུགས་ཚོང་དུད་ཅིག་གི་ལས་མིས“ཕྱི་རྒྱལ་གྱི་ཁྲོམ་རར་དགོས་མཁོ་ཧ་ཅང་ཆེན་པོ་འདུག”ཅེས་བརྗོད་པ་དང་། ཀུང་སི་དེ་གཙོ་བོ་ཨེ་ཤེ་ཡ་ཤར་ལྷོ་དང་དབུས་ཤར་ས་ཁུལ་ལ་ཕྱོགས་ཏེ་ཐིག་ལེན་རིས་འབྲིའི་མི་མེད་གནམ་གྲུ་ཕྱིར་གཏོང་བྱེད་ཀྱི་ཡོད།

    ཀྲུང་གོས“དམའ་དབྱིངས་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། ཀྲུང་གོར་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་ཁེ་ལས་ཏཱ་ཅང་གིས་གཙོ་བྱས་པའི་མི་མེད་གནམ་གྲུ་ཧྲིལ་པོ་དང་འགག་རྩའི་ལྷུ་ལག་ཐོན་སྐྱེད་བྱེད་མཁན་ཁེ་ལས་མང་པོ་འདུས་ཡོད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། རང་ངོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་བར་གཞོལ་བཞིན་མཆིས།

    —— 《རི་པིན་དཔལ་འབྱོར་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།