དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་གཟུགས་ཅན་རིག་ནུས་སྦྱོང་བརྡར་ར་བ་70ལྷག་ཙམ་བསྐྲུན་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-30

    ཉེ་ཆར། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་དང་། མི་གཟུགས་འཕྲུལ་མི(ཧྲང་ཧའེ)ཚད་ཡོད་ཀུང་སི། གཟུགས་ཅན་རིག་ནུས་ཚོད་ལྟ་ཁང་བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི《གཟུགས་ཅན་རིག་ནུས་སྦྱོང་བརྡར་ར་བའི་ཞིབ་འཇུག་སྙན་ཞུ(2026ལོ)》ལས་མངོན་པར། ད་ལོའི་ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གཟུགས་ཅན་རིག་ནུས་སྦྱོང་བརྡར་ར་བ་70ལྷག་ཙམ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་སྐྲུན་བཞིན་པའམ་བསྐྲུན་འཆར་ཡོད་པའི་སྦྱོང་བརྡར་ར་བ་46ཡོད་པ་རེད།

    གཟུགས་ཅན་རིག་ནུས་སྦྱོང་བརྡར་ར་བས་ལས་རིགས་ཀྱི་དགོས་མཁོར་ཕྱོགས་པའི་དངོས་ཁམས་ཁོར་ཡུག་ངོ་མ་རབ་དང་རིམ་པ་མཁོ་འདོན་བྱས་པ་བརྒྱུད། གཟུགས་ཅན་རིག་ནུས་ཀྱི་གྲངས་གཞི་ངོ་མ་འཚོལ་བསྡུ་དང་། དཔེ་དབྱིབས་སྦྱོང་བརྡར། མ་ལག་བཀོལ་སྤྱོད་ནུས་པ་ར་སྤྲོད། རིམ་འཇུག་ལེགས་གཏོང་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    སྙན་ཞུ་ལས་མངོན་པར། མིག་སྔར་གཟུགས་ཅན་རིག་ནུས་སྦྱོང་བརྡར་ར་བ་འཛུགས་སྐྲུན་ཐད་འབྲི་ཆུའི་ཟུར་གསུམ་གླིང་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་བཅས་ལྟེ་བར་བྱས་པའི་ཚོ་འདུས་ཆེན་པོ་གསུམ་ཆགས་པ་མ་ཟད། རིམ་བཞིན་རིམ་པ་གསུམ་པ་དང་། བཞི་པ། ཐ་ན་ལྔ་པ་བཅས་ཀྱི་གྲོང་ཁྱེར་དུ་སྣུར་སྲིང་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།