དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་7པའི་ཟླ་མཇུག་བར་གློག་སྒུལ་རླངས་འཁོར་གྱི་རྨང་གཞིའི་གློག་གསོག་ཡོ་ཆས་41.9%མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-30

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་7པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་རྨང་གཞིའི་གློག་གསོག་ཡོ་ཆས་ཁྱོན་བསྡོམས་ཁྲི་2368.3ཟིན་པ་དེ་དུས་མཚུངས་ལས་41.9%འཕར་ཡོད་པ་རེད།

    དེའི་ནང་སྤྱི་པའི་གློག་གསོག་ཡོ་ཆས་ཁྲི་509.9ཟིན་པ་དེ་དུས་མཚུངས་ལས་21.3%འཕར་བ་དང་། ཚད་བཅད་ནུས་ཚད་ཆན་ཝ་དུང་ཕྱུར་2.55ཟིན་པ། གློག་གསོག་ཡོ་ཆས་རྐྱང་པའི་ཆ་སྙོམས་ནུས་ཚད་ཆན་ཝ་49.97ཙམ་ཟིན་ཡོད། སྒེར་གྱི་གློག་གསོག་ཡོ་ཆས་ཁྲི་1858.4ཟིན་པ་དེ་དུས་མཚུངས་ལས་48.8%འཕར་བ་དང་། སྒེར་གྱི་གློག་གསོག་སྒྲིག་བཀོད་ཀྱི་གློག་འདོན་ཚད་ཆན་ཧྥུའུ་ཨན་དུང་ཕྱུར་1.60ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།