དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲོ་སྐྱིད་ལྡན་པའི་རྩ་ཚིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-30

    “འཐབ་ས་དང་པོའི་རོགས་སྐྱོབ་མི་སྣ་ཚང་མར་གུས་འདུད་ཞུ་རྒྱུ་ཡིན། ཚོང་ཁང་འདི་ནས་འཐབ་ས་དང་པོར་རོགས་སྐྱོབ་བྱེད་བཞིན་པའི་རོགས་སྐྱོབ་ལས་དོན་པར་རིན་པ་མི་དགོས་པར་སྟབས་བདེའི་ཐུག་པ་དང་། ཆུ་ཚ་པོ། འོ་ཇ་སོགས་མཁོ་སྤྲོད་བྱེད་ཀྱི་ཡོད། ཆར་རླུང་གདོང་གིས་བསུ་བ་དང་རྡོག་ཁྲེས་རྒྱབ་ཏུ་ཁུར་ནས་མདུན་སྐྱོད་བྱེད་མཁན་ཚོས་ཞུམ་མེད་བརྟན་སྲུང་བྱས་ཏེ་ཡུལ་ཕྱོགས་གཅིག་དུས་བདེ་ཡོང་བར་འབད་པར་བཀའ་དྲིན་ཆེ་ཞུ། ཁྱེད་རྣམ་པ་སྐུ་ལས་ཁག་སོང”

    འདི་ནི་སྐྱིད་གྲོང་གྲོང་རྡལ་གྱི་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་འགྲམ་གྱི་རྩ་ཚིག་རེད། སྦྱིན་བདག་ཀྲང་མིང་གིས། སྐྱིད་གྲོང་འགག་སྒོར་གློ་བུར་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་མེ་གསོད་མི་སྣ་སོགས་རོགས་སྐྱོབ་མི་སྣས་ཚ་གདུག་ཆེ་བའི་ཁོར་ཡུག་ཁྲོད་མུ་མཐུད་ལས་ཀ་བྱས་ཏེ། མཆུ་ཏོ་བསྐམས་ནས་གས་པ་དང་ངོ་གདོང་ཉི་མས་ཚིག་ནས་དམར་པོར་གྱུར་ཀྱང་སྔར་བཞིན་འཐབ་ས་དང་པོར་བརྟན་སྲུང་བྱས་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་པ་མཐོང་སྐབས། ཁོང་ཚོར་མོས་གུས་སྐྱེས་པ་མ་ཟད་སྙིང་རྗེ་གི་འདུག་ཅེས་གསར་འགོད་པར་བརྗོད་ཡོད།

    ཀྲང་མིང་གིས“ཚོང་ཁང་གི་ལས་མི་ཁྲིད་ནས་གཏེར་ཆུ་ཤོག་སྒམ་400ཚན་པ་ཁག་ལ་སྤྲད་རྗེས། ཁག་གཅིག་སྒོ་འགྲམ་དུ་བཞག་ནས་དགོས་མཁོ་ཡོད་མཁན་ལ་འཁྱེར་དུ་བཅུག་པ་ཡིན”ཞེས་བཤད་ཅིང་། ཁོང་གིས། དངོས་ཟོག་གནས་སྐབས་ཕར་དབོར་མི་ཐུབ་པས་རང་ཉིད་ཀྱིས་རོགས་རམ་འདི་ལྟར་ཕྲན་ཙམ་བྱ་རྒྱུ་ལས་ཐབས་གཞན་མི་འདུག”ཅེས་བརྗོད།

    ཀྲང་མིང་ནི་ཀན་སུའུ་ནས་ཡིན་པ་དང་བཟའ་ཟླ་ཅང་སུའུ་ནས་ཡིན་པ་རེད། ཁོང་བཟའ་ཚོ་གཉིས་ཀྱིས་སྐྱིད་གྲོང་གྲོང་རྡལ་དུ་སྒོ་རྩིས་ཚོང་ཁང་གཉེར་ནས་ལོ་བཅུ་ལྷག་ཙམ་སོང་བས་སྔ་ས་ནས་ས་ཆ་དེ་ཕ་ཡུལ་གཉིས་པར་རྩི་ཡི་ཡོད། གནོད་འཚེ་ཐོན་རྗེས་ཁོང་གིས་རིན་པ་མི་དགོས་པར་ཆུ་མཁོ་འདོན་བྱས་པ་མ་ཟད། ད་དུང་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་རྩ་ཚིག་དེ་སྦྱར་ཡོད།

    ཁོང་གིས། ངས་རོགས་སྐྱོབ་མི་སྣ་བཞིན་སྔོན་ལ་གདོང་མཆོང་བྱེད་མི་ཐུབ་ཀྱང་། ཚོང་ཁང་ཆུང་ཆུང་འདི་ལ་བརྟེན་ནས་བྲེལ་བརྩོན་ཆེ་བའི་འཐབ་ས་དང་པོའི་ལས་དོན་པར་ཁ་ལག་ཚ་པོ་ཁམ་གང་དང་ཆུ་ཚ་པོ་ཕོར་པ་གང་འཐུང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    “ས་ཆ་འདིར་ངས་ཚོང་བརྒྱབ་ནས་ལོ་བཅུ་ལྷག་ཙམ་སོང་ཡོད། རང་གི་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་ཅུང་ཟད་སྒྲུབ་ཀྱི་ཡིན”ཞེས་པའི་ཀྲང་མིང་གི་སྐད་ཆ་ནི་ཟོལ་མེད་དང་བབ་ཆགས་པ་ཞིག་རེད། གནོད་འཚེའི་མདུན་དུ། ལམ་ཟུར་གྱི་སྒོ་རྩིས་ཚོང་ཁང་ཆུང་ཆུང་དེས་ཐད་ཀར་གྱི་བྱ་ཐབས་སྤྱད་དེ་ཁྱིམ་གཞིས་སྲུང་སྐྱོང་བྱེད་མཁན་རྣམས་ལ་དྲོ་སྐྱིད་དང་སྟོབས་ཤུགས་སྦྱིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།