དབུ་ཤོག>གསར་འགྱུར།
  • ཆུ་བེད་པུས་ཕུ་རི་ཕུ་བྱང་གཙང་པོའི་འཁྱིལ་མཚོའི་ཉེན་ཁ་ཐག་གཅོད་ཀྱི་ཆུ་བེད་རྒྱབ་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-30

    ཚེས་28ཉིན་གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཆུ་བེད་པུས་ཆེད་དོན་གྲོས་མོལ་གཙོ་སྐྱོང་བྱས་ནས་ཕུ་རི་ཕུ་བྱང་གཙང་པོའི་འཁྱིལ་མཚོའི་གནས་ཚུལ་དང་ཐོན་སྲིད་པའི་ཤུགས་རྐྱེན་ལ་རྒྱུན་མཐུད་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། འཁྱིལ་མཚོའི་ཉེན་ཁ་ཐག་གཅོད་དང་བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་ཆུ་བེད་རྒྱབ་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཆུ་བེད་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་ཁག་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་བྱེད་དགོས། མཚོ་ཆེན་ཆུ་བོ་ས་དོང་དུ་ཤོར་བའི་ཉེན་ཁར་དོ་སྣང་ཆེན་པོ་བྱེད་དགོས། རྩ་གསུམ་འདྲ་བཟོ་སྤྱད་དེ་ས་དོང་གི་ཆུ་གསོག་ཤོང་ཚད་དང་། ཆུ་ཡོང་གནས་ཚུལ། གསོག་ཆུ་ལུད་པའི་དུས་ཚོད་སྐབས་བསྟུན་རྩིས་རྒྱག་བཅས་ལ་དབྱེ་ཞིབ་བྱེད་པ་དང་། ཆུ་ལུད་རྗེས་ཆུ་རགས་ཤོར་སྲིད་པ་དང་དེའི་སྨད་རྒྱུད་ཀྱི་ཕུ་རི་ཕུ་བྱང་གཙང་པོའི་འཁྱིལ་མཚོར་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་དགོས། སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ཀྱི་ཉེན་ཁའི་འབྱུང་ཁུངས་གཞན་དག་ལ་གྲལ་བཤེར་བྱེད་རྒྱ་ཆེ་རུ་གཏོང་དགོས། སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་ཐབས་གང་ལེགས་སྤྱད་དེ་སྡོང་གླིང་གཙང་པོ་དང་། ཀོ་པ་ལུང་གཙང་པོ། ཕུ་རི་ཕུ་བྱང་གཙང་པོ་སོགས་ལ་འཁྱིལ་མཚོ་གསར་པ་ཆགས་སྲིད་པའི་ཉེན་ཁར་སྔར་བས་གྲལ་བཤེར་བྱས་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ས་གནས་ཀྱི་འཐབ་ས་དང་པོར་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།