དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རོགས་སྐྱོབ་རུ་ཁག་འདིས་ཞིག་རོའི་འོག་འཚོལ་སྐྱོབ་བྱེད་བཞིན་ཡོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-29

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་འཚོལ་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་རེད། དེ་རིང་ཞོགས་པ་འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་མངགས་པའི་ཀྲུང་གོ་རོགས་སྐྱོབ་རུ་ཁག་སི་ཁྲོན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་སྐམ་སའི་འཚོལ་སྐྱོབ་རུ་ཁག་གིས་སྐྱིད་གྲོང་འགག་སྒོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་སའི་ཞིག་རོའི་འོག་འཚོལ་ཞིབ་བྱས་པ་དང་། རུ་མི་ཚོས་ས་དབྱིབས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་གཙོ་གནད་ས་ཁོངས་སུ་རྩད་ཞིབ་ཞིབ་ཚགས་དང་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ནས་འཚོལ་སྐྱོབ་ལས་དོན་མཚམས་མི་ཆད་པར་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།