ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གཏོང་མཚམས་འཇོག་རྒྱུ་རེད་འདུག
2026ལོའི་ལྷོ་ཁའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གཏོང་མཚམས་འཇོག་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་རྣམ་པ།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་དང་འབྲེལ་བ་ཆད་ཡོད། མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་བླ་ན་མེད་པ། ལྷག་པར་དུ་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་ཆེད། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཟླ་9ཚེས་2ནས་10ཉིན་བར་གྱི་2026ལོའི་ལྷོ་ཁའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གཏོང་མཚམས་འཇོག་རྒྱུའི་གཏན་འཁེལ་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་གྲ་སྒྲིག་ཚགས་ཚུད་བྱས་ཚུན། སྤྱི་ཚོགས་ལས་རིགས་ཁག་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཕྱོགས་ཁག་གི་སྐུ་མགྲོན་རྣམ་པས་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་བྱེད་སྒོ་གཏོང་མཚམས་འཇོག་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་མང་ཚོགས་དང་ཡུལ་སྐོར་བ་ཚོར་སྟབས་མི་བདེ་བ་བཟོས་པར་སྙིང་དབུས་ནས་དགོངས་དག་ཞུ་རྒྱུ་ཡིན། རྒྱ་ཆེའི་མང་ཚོགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་གཏོང་མཚམས་འཇོག་པར་ལྟ་སྟངས་ཡང་དག་བཟུང་སྟེ། དཀྲོག་གཏམ་མི་སྤེལ་བ་དང་། དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་ལ་ཡིད་ཆེད་མི་བྱེད་པ་བཅས་དྲ་རྒྱའི་ཁོར་ཡུག་ཡག་པོ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཞིག་ཐུན་མོང་ཐོག་སྲུང་བའི་རེ་བ་ཞུ་རྒྱུ་ཡིན།
མཇུག་ཏུ་སྤྱི་ཚོགས་ལས་རིགས་ཁག་གིས་དུས་ཡུན་རིང་པོའི་ནང་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། རིག་གནས་ཡུལ་སྐོར་ལས་དོན་དང་བྱ་གཞག་འཕེལ་རྒྱས། བོད་སྐྱོར་ལས་དོན་བཅས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལྷོ་ཁའི་བྱ་གཞག་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བཞིན་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་ནས།
2026ལོའི་ཟླ་8ཚེས་28ཉིན།
འབྲེལ་ཡོད་གསར་འགྱུར།