ཨའོ་མོན་གྱི་གསར་གཏོད་བྱེད་པོས་ནང་སའི་ཁེ་བེད་བདག་ཐོབ་ཀྱི་སྔོན་ཚུད་ཞིབ་དཔྱད་མགྱོགས་པོ་བྱེད་པའི་ཞབས་ཞུ་རེ་ཞུ་བྱེད་ཆོག་པ།
ཉེ་ཆར། གསར་འགོད་པར་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་8ཚེས་31ཉིན་ནས་བཟུང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་གཏོད་བྱེད་པོ་དག་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་ཤེས་རིག་བདག་དབང་སྲུང་སྐྱོང་ལྟེ་གནས་ཀྱི་ཁེ་བེད་བདག་ཐོབ་ཀྱི་སྔོན་ཚུད་ཞིབ་དཔྱད་མགྱོགས་པོ་བྱེད་པའི་ཞབས་ཞུའི་ཁྱབ་ཁོངས་སུ་བཅུག་ཡོད། ཀྲུའུ་ཧའེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དེར་དམིགས་ནས་བརྡ་ཐོ་བཏང་བ་སྟེ། དེ་ཉིན་ནས་བཟུང་ཨའོ་མོན་གྱི་འབྲེལ་ཡོད་གསར་གཏོད་བྱེད་པོས་ཁེ་བེད་བདག་ཐོབ་ཀྱི་སྔོན་ཚུད་ཞིབ་དཔྱད་མགྱོགས་པོ་བྱེད་པའི་བྱེད་པོའི་ཐོ་འགོད་སྙན་སེང་གི་རེ་ཞུ་སྔ་སྣུར་ནས་འབུལ་ཆོག་གི་ཡོད་པ་རེད།
ཁེ་བེད་བདག་ཐོབ་ཀྱི་སྔོན་ཚུད་ཞིབ་དཔྱད་མགྱོགས་པོ་བྱེད་པ་ཞེས་པ་ནི་ནང་སར་གསར་གཏོད་རེ་ཞུ་དང་། གོ་ཆོད་དཔེ་གསར། དེ་བཞིན་བཟོ་ལྟ་ཇུས་འགོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཞིབ་དཔྱད་མགྱོགས་པོ་བྱེད་པའི་བགྲོད་ལམ་གྱི་ཞབས་འདེགས་ཞུ་སྟངས་ཤིག་ཡིན་པ་དེས་དབང་སྤྲོད་ཀྱི་དུས་འཁོར་ཐུང་དུ་མངོན་གསལ་དོད་པོ་བཏང་སྟེ། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དུས་ཡུན་དེ་སྔའི་ཟླ་16ནས་ད་ལྟའི་ཟླ་3ནས་6བར་ཐུང་དུ་ཕྱིན་ཡོད། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་སུ་ཐོ་འགོད་སྙན་སེང་བྱས་པའི་རེ་ཞུ་མཁན་གྱིས་ནང་སར་དངོས་སུ་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་མ་བྱས་གོང་དམིགས་འཛུགས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་ལྟེ་གནས་ནས་སྔོན་ཚུད་ཞིབ་དཔྱད་བྱེད་ཀྱི་ཡོད་པ་དང་། ཆ་རྐྱེན་ཚང་བ་རྣམས་གང་མགྱོགས་ཞིབ་དཔྱད་བྱེད་པའི་བགྲོད་ལམ་དུ་སྐྱོད་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།