“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་ཡིག་གཟུགས་དང་པར་ལེན་གྱི་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན་དང་འཚོལ་བསྡུའི་བྱེད་སྒོ་སྐབས་བརྒྱད་པའི་དཔྱད་འདེམས་ལེགས་གྲུབ་བྱུང་བ།

འདི་ནི་དཔྱད་འདེམས་པས་ཡིག་གཟུགས་བརྩམས་ཆོས་ལ་ལྟ་བཞིན་པ།(དཀོན་མཆོག་ནོར་རྒྱལ་གྱིས་པར་བླངས)
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་རྣམ་པ་ཟབ་ཏུ་གཏོང་ཆེད། ཟླ་7ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སྨྱན་སྦྱོར་ཚོགས་པས་སྒྲུབ་འགན་འཁུར་བའི་“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་མི་རིགས་མཐུན་སྒྲིལ་གྱི་ཡིག་གཟུགས་དང་པར་ལེན་གྱི་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན་དང་འཚོལ་བསྡུའི་བྱེད་སྒོ་སྐབས་བརྒྱད་པ་དངོས་སུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་དེ་ནི་རྒྱ་ཆེའི་རིག་རྩལ་ལ་དགའ་པོ་བྱེད་མཁན་ཚོར་ཕྱོགས་ནས་ཡིག་གཟུགས་དང་པར་ལེན་གྱི་བརྩམས་ཆོས་ཕུལ་བྱུང་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་པར་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། རིམ་རྩིས་བྱས་ན་རྒྱལ་ཡོངས་ས་གནས་ཁག་གི་རིག་རྩལ་ལ་དགའ་པོ་བྱེད་མཁན་གྱི་བརྩམས་ཆོས་1600ཙམ་འབྱོར་ཡོད་པ་རེད།
ཉེ་ཆར། ད་ཐེངས་ཀྱི་བྱེད་སྒོའི་གཅིག་སྡུད་དཔྱད་ཞིབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། ད་ཐེངས་ཀྱི་དཔྱད་ཞིབ་ནང་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་པར་རྒྱག་མཁས་ཅན་མཐུན་ཚོགས། ཡིག་གཟུགས་མཁས་ཅན་མཐུན་ཚོགས། མཛེས་རྩལ་མཁས་ཅན་མཐུན་ཚོགས་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་11ལས་གྲུབ་པའི་དཔྱད་ཞིབ་ཚོགས་པས་འགྲན་ཞུགས་བརྩམས་ཆོས་ལ་དཔྱད་འདེམས་ཐེངས་མང་བྱས་པ་རེད། དེ་དང་ཆབས་ཅིག ལྟ་སྐུལ་མི་སྣས་ཞིབ་དཔྱད་ལྷུ་ཚིགས་ཁག་ལ་ལྟ་སྐུལ་བྱས་ནས་ཞིབ་དཔྱད་ལས་དོན་ཚད་ལྡན་ཁ་གསལ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་ནུས་ལྡན་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་བོད་ཡིག་ཡིག་གཟུགས་དང་། རྒྱ་ཡིག་ཡིག་གཟུགས། པར་ལེན་བརྩམས་ཆོས་བཅས་རིགས་གསུམ་ལ་དབྱེ་བར། བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་5 ཕུལ་བྱུང་བྱ་དགའ་12བཅས་སོ་སོར་བདམས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།