སྐྱིད་གྲོང་གི་ཆུ་རུད་ཐོན་ཁུལ་གྱི་བགྲོད་ལམ་སྨི་800ལྷག་ཙམ་མྱུར་བཟོ་བྱས་པ།

འདི་ནི་ཟླ་8ཚེས་27ཉིན་རོགས་སྐྱོབ་རླངས་འཁོར་གྱིས་གེགས་ཁུལ་དུ་སྐྱོད་སའི་བགྲོད་ལམ་གཤོང་བཞིན་པ།
སྐྱིད་གྲོང་ལ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དུས་ཐོག་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ། སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་ཀྱིས་སྐྱིད་གྲོང་འགག་སྒོར་སྐྱོད་སའི་G216ལམ་རྒྱུད་ཀྱི་གཏོར་སྐྱོན་ཕོག་པའི་ལམ་དུམ་ཤར་བགྲོད་ཐུབ་པར་བྱས་ཤིང་། ཟླ་8ཚེས་27ཉིན་གྱི་ཆུ་ཚོད་18བར་གནོད་འཚེ་ཕོག་པའི་ལམ་དུམ་སྨི་800ལྷག་ཙམ་མྱུར་བཟོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།