དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རོགས་སྐྱོབ་རུ་མི་ཁག་གཅིག་གནོད་འཚེ་ཐོན་ཡུལ་གྱི་ལྟེ་བར་འབྱོར་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-28

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་དང་འབྲེལ་བ་ཆད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་8པ་བར། རི་ཟུར་གྲོང་ཚོའི་ཡུལ་མི་2བསྐྱབས་ཐུབ་པ་དང་། གྲལ་བཤེར་བྱས་རྗེས་རྐྱེན་ལམ་དུ་ཤོར་བའི་མི་3དང་འབྲེལ་བ་ཆད་པའི་མི་558ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་ནང་རྒྱལ་ཁོངས་གཞན་གྱི་མི་260ཡོད་པ་རེད།

    མིག་སྔར། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་རུ་མི་680ལྷག་ཙམ་གྱིས“ཆུ་ཁོངས་དང་། སྐམ་ས། མཁའ་ལམ”བཅས་ནས་གནོད་འཚེ་ཐོན་སའི་ལྟེ་བའི་ཁུལ་དུ་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད།

    སྐམ་སའི་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གཉིས་གནོད་འཚེ་ཐོན་སའི་ལྟེ་བའི་ཁུལ་དུ་སྐྱོད་བཞིན་པ།

    གནོད་འཚེ་ཐོན་སའི་ལྟེ་བའི་ཁུལ་དུ་འགྱིག་གྲུ་བཏང་སྟེ་སྐྱོད་རྩིས་བྱེད་བཞིན་པ།

    མི་མེད་གནམ་གྲུར་སྡོད་མཁན་མེ་གསོད་རུ་མི་སྐྱིད་གྲོང་འགག་སྒོར་འབྱོར་བ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།