སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ཀྱི་འཁྱིལ་མཚོ་ཁེངས་ནས་ལུད་ཡོང་གི་ཡོད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་ཞིག་འབྲེལ་བ་ཆད་ཡོད་པ་རེད། མིག་སྔར། སྐྱིད་གྲོང་འགག་སྒོའི་འགྲོ་ལམ་དང་འཕྲིན་གཏོང་ཆད་ཡོད་ལ་ཞོར་ཐོན་གནོད་འཚེ་སྔར་བཞིན་ཐོན་སྲིད་པས་ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།
གནས་ཚུལ་གསར་ཤོས་ལ་གཞིགས་ན། སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ཀྱི་འཁྱིལ་མཚོ་ཁེངས་ནས་ལུད་ཡོང་གི་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀྲང་ཐེང་ཧྥེ་ཡིས་བརྗོད་དོན། ང་ད་ལྟ་སྐྱིད་གྲོང་གྲོང་རྡལ་ཅང་གྲོང་ཚོར་ཡོད། ད་ལྟ་རོགས་སྐྱོབ་སྟོབས་ཤུགས་མང་པོ་དེ་གར་བསྒུགས་ནས་བསྡད་ཡོད།

ཀྲང་ཐེང་ཧྥེ་ཡིས་བརྗོད་དོན། རོགས་སྐྱོབ་སྟོབས་ཤུགས་དེ་གར་བསྒུགས་ནས་སྡོད་དོན་ནི་སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ཀྱི་འཁྱིལ་མཚོ་ཁེངས་ནས་ད་ལྟ་ལུད་ཡོང་གི་ཡོད་པས་ཉེན་ཁ་ཧ་ཅང་ཆེ་བས་རེད།

རི་མོའི་ཐོག་མཛུབ་མོ་འཛུགས་ས་ནི་འཁྱིལ་མཚོ་ཆགས་ཡུལ་ཡིན་པ་དང་སྐྱིད་གྲོང་འགག་སྒོ་དང་བར་ཐག་སྤྱི་ལེ་བཅུ་ལྷག་ཙམ་ཡོད། འོན་ཀྱང་ད་ལྟ་འཁྱིལ་མཚོ་ལུད་ཡོང་གི་ཡོད་པས་ཆུ་ལོག་དང་ཆུ་རུད་ཀྱི་གནོད་འཚེ་གསར་པ་ཐོན་སྲིད། དེར་བརྟེན་འགག་སྒོར་མུ་མཐུད་འཚོལ་སྐྱོབ་ལ་འགྲོ་བར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།