དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་ཁུངས་འདིས་མཐའ་མཚམས་ལམ་ཡིག་སྐོར་གྱི་བརྡ་ཐོ་གལ་ཆེན་ཞིག་བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-28

    ཟླ་8ཚེས་27ཉིན་གྱི་དགོང་མོར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་2026ལོའི་སྤྱི་བསྒྲགས་ཨང་5པ་བཀྲམ་པ་རེད། 

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་གཞི་ཁྱོན་ཆེ་བའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་ཞིག་འབྲེལ་བ་ཆད་ཡོད་པ་རེད། མིག་སྔར། སྐྱིད་གྲོང་འགག་སྒོའི་འགྲོ་ལམ་དང་འཕྲིན་གཏོང་ཆད་པ་དང་ཞོར་ཐོན་གནོད་འཚེ་སྔར་བཞིན་ཐོན་སྲིད་པས་ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད། 

    མཐའ་མཚམས་དོ་དམ་ཁུལ་དུ་སྐྱོད་མཁན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་མི་ཕོག་པ་དང་། ཉེན་སེལ་རོགས་སྐྱོབ་ལས་དོན་ལ་འགོག་རྐྱེན་མི་བཟོ་བ། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ལམ་གོ་རིམ་ལྡན་པ་ཡོང་བ་བཅས་ཀྱི་ཆེད་དུ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས། 2026ལོའི་ཟླ་8ཚེས་28ཉིན་གྱི་དགོང་མོའི་ཆུ་ཚོད་12ནས་བཟུང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གློག་རྡུལ་མཐའ་མཚམས་ལམ་ཡིག་གནས་སྐབས་སྤྲོད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད། ལམ་ཡིག་རག་པ་ཚོའང་གནས་སྐབས་མཐའ་མཚམས་ས་ཁུལ་དུ་འགྲོ་མི་རུང་། སྐྱོད་ཆོག་པའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན།

    ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་སྐད་འཕྲིན་སྤྱི་རྟགས་སུ་གནས་ཚུལ་སྤེལ་བར་གཞིགས་ན། སྐྱིད་གྲོང་འགག་སྒོར་ལས་སྒྲུབ་བརྟན་པོར་སྲུང་མཁན་སྐྱིད་གྲོང་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་དང་། འགག་སྒོའི་འབྲེལ་ཡོད་ལས་དོན་པ། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ཁག་གཅིག་དང་འབྲེལ་བ་ཆད་ཡོད་པ་རེད། 

    “ཉེན་ཁའི་གནས་སུ་གྱར་བའི་འཐབ་གྲོགས་ཚོར་སེམས་ཁྲལ་ཆེན་པོ་འདུག ཁྱེད་ཚོ་བདེ་མ་ཐང་མར་ལོག་ཐུབ་པའི་རེ་སྒུག་བྱས་ནས་བསྡད་ཡོད། ”

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།