དབུ་ཤོག
  • དེ་རིང་སང་ཉིན་སྐྱིད་གྲོང་དུ་གནམ་གཤིས་འདི་འདྲ་སྟོན་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-08-28

    ཟླ་8ཚེས་27ཉིན་གྱི་ཆུ་ཚོད་17ཙམ་ལ། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། ཚེས་28ཉིན་སྐྱིད་གྲོང་འགག་སྒོར་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ་དང་། ཉིན་དགུང་ཡོལ་རྗེས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་སྟོན་རྒྱུ། མཚན་མོར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ཚེས་29ཉིན་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་ཆུ་ཚོད་20ཡོལ་རྗེས་ཆར་པ་འབྲིང་བ་འབབ་རྒྱུ། ཚེས་29ཉིན་ཆར་ཆུ་འབབ་ཚད་ཆེ་རུ་འགྲོ་རྒྱུ་རེད་འདུག་པས་ཚང་མས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཡོད་པ་ཞུ།

    སྐྱིད་གྲོང་འགག་སྒོ་ནས་ནེ་པ་ལའི་འགག་སྒོའི་བར་ཚེས་28ཉིན་ཆར་པ་འབྲིང་བ་འབབ་རྒྱུ་རེད། ཚེས་29ཉིན་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། དེའི་རིང་འབྲུག་ཆར་དང་སེར་བ་འབབ་རྒྱུ་མ་ཟད་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་སྟོན་རྒྱུ།

    གནམ་གཤིས་སྡེ་ཚན་གྱིས་བཏོན་པའི་གྲོས་འགོ 

    1.ལམ་རྒྱུད་དུ་ཆར་ཆུ་འབེལ་བས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་དཀའ་ངལ་ངེས་ཅན་འཕྲད་ཀྱི་ཡོད། སྐབས་འགར་ཆར་ཆུ་འབབ་ཤུགས་ཆེ་ཞིང་། ཆར་པ་བསྟུད་མར་འབབ་པ་ལས་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་པར་འགོག་ཟོན་བྱེད་དགོས།

    2.ཆར་ཆུ་འབེལ་བས་ལམ་ངོས་རློན་འདྲེད་ཆེན་པོ་ཡོད། དེས་ན་ཉེན་སེལ་རོགས་སྐྱོབ་རླངས་འཁོར་གྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས། 

    3.ཉིན་མོ་དང་མཚན་མོའི་དྲོད་ཚད་ཧེ་བག་ཆེ་བས་ས་ཡུལ་དངོས་ཀྱི་རོགས་སྐྱོབ་མི་སྣས་དྲོད་ཇུས་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།