དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་གྲངས་འཛིན་ཐོན་ལས་ཀྱི་ཡོང་འབབ་དུས་མཚུངས་ལས་13.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-28

     བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་གྲངས་འཛིན་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་20.71ཟིན་པ་དེ་དུས་མཚུངས་ལས་13.6%འཕར་བ་དང་། འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.1མགྱོགས་སུ་ཕྱིན་ཡོད་པ་རེད།

    ཁེ་སྤོགས་ཤུགས་ཆེན་འཕར་ཞིང་། རྒྱལ་ནང་གི་མི་ཐབས་རིག་ནུས་ཀྱི་དགོས་མཁོ་དང་ཕྱིར་གཏོང་འཕར་ཤུགས་གཉིས་ཀ་ཆེ་རུ་ཕྱིན་པའི་དབང་གིས་གྲངས་འཛིན་ཐོན་ལས་ཀྱི་ཁེ་སྤོགས་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས། ཟླ་དང་པོ་ནས་དྲུག་པའི་བར་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.79ཟིན་པ་དེ་དུས་མཚུངས་ལས་19.3%འཕར་བ་དང་། འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་10.3མགྱོགས་སུ་ཕྱིན་ཡོད་པ་རེད། ཡོང་འབབ་ཀྱི་ཁེ་སྤོགས་8.6%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.7འཕར་ཡོད་པ་རེད།

    གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་དང་རིམ་སྤོར་བྱུང་ཞིང་། ཟླ་6པའི་ཟླ་མཇུག་བར་5Gསྦྲེལ་ཚུགས་ཁྲི་510.2ཟིན་པ་དང་། ཀྲའོ་སྟོང་གི་དྲ་རྒྱའི་ཞབས་ཞུའི་ནུས་པ་ལྡན་པའི་10GPONཡི་མཐུད་སྣེ་ཁྲི་3286ཟིན་པ། 5Gལས་རིགས་ཀྱི་རྟོག་བཟོའི་ཆེད་སྤྱོད་དྲ་རྒྱ་ཁྲི་8ལྷག་ཙམ་བསྐྲུན་ཡོད་པ་རེད།

    གྲངས་འཛིན་བཟོ་སྐྲུན་ལས་རིགས་ཀྱི་གྲངས་འབོར་དང་ཕན་འབྲས་གཉིས་ཀ་འཕར་ཞིང་། གློག་རྡུལ་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་14.8%འཕར་བ་དང་། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.2ཀྱིས་མགྱོགས་སུ་ཕྱིན་པ་དེ་བཟོ་ལས་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་9.4ཡིས་མཐོ་བ་ཡོད་པ་རེད། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་12.15ཟིན་པ་དེ་དུས་མཚུངས་ལས་17.8%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་7036ཟིན་པ་དེ་དུས་མཚུངས་ལས་66%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།