དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་ཤིང་ཨན་མོང་གིས་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ་དེ་སྲོལ་རྒྱུན་གྱི་དུས་ཆེན་གཟབ་རྒྱས་ནང་མཉམ་འདྲེས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཁྲེང་།   |     སྤེལ་དུས།  2026-08-28

    “གཟིགས་དང་། རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་འདུག” ནང་སོག་ཤིང་ཨན་མོང་ཁོར་ཆིན་ཡིའུ་དབྱི་ཆན་ཆི་ཝུའུ་ལན་མའོ་ཏུའུ་རྩྭ་ཐང་སྔོ་ཐིང་ངེར་གནས་ཤིང་། དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས་འོང་། མི་རིང་བའི་གོང་། ནང་སོག་རྩྭ་ཐང་སྤྲོ་གསེང་ལུས་རྩལ་ཚོགས་ཆེན་དང་2026ལོའི་ཤིང་ཨན་མོང་གི་ནཱ་ཏ་མུའུ་དུས་ཆེན་དེ་གར་གཏོང་འགོ་ཚུཌ་པ་རེད།

    ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་གྱི་རྩྭ་ཐང་འདུ་ཚོགས་གཟབ་རྒྱས་ལ་ད་ལོར་རྣམ་པ་གསར་པ་ཞིག་ཐོན་ཡོད་པ་སྟེ། འགྲན་རའི་ཡུལ་དངོས་སུ་བཙོས་པའི་ཤ་དང་དཀར་ཆུའི་ཐོན་རྫས་ཀྱི་དྲི་ཞིམ་གང་སར་འཐུལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་དང་ས་གནས་དེ་གའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་སོགས་ཀྱི་ཁྲོམ་བཀྱག་མདུན་དུ་མི་ཚོགས་ཀྱིས་ཁེངས་པ་དང་། མི་རིགས་ཀྱི་གྱོན་གོས་གཡར་ནས་དྲན་རྟེན་པར་རྒྱག་མཁན་སོགས་ལས་རྣམ་སྣ་ཚོགས་ཡོད།

    སྐབས་འདིའི་ཤིང་ཨན་མོང་གི་ནཱ་ཏ་མུའུ་ཡི་དུས་ཆེན་ནང་རིམ་རྩིས་བརྒྱབ་ན་ཞིམ་ཟས་ཚོང་དུད་70དང་། རོལ་རྩེད་རྣམ་གྲངས་14 མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་གནས་22བཅས་ཞུགས་ཡོད་པ་དང་འབྲེལ། ཞིང་འབྲོག་པར་བོགས་དངུལ་མི་དགོས་པའི་ཁྲོམ་བཀྱག་ཆེད་མངགས་བཀོད་སྒྲིག་བྱས་ཏེ། ཉེ་འཁོར་གྱི་བཟའ་བཏུང་དང་ཞག་སྡོད་གཉེར་སྐྱོང་བྱེད་པོ་500ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    “སྐབས་འདིའི་ནཱ་ཏ་མུའུ་དུས་ཆེན་ལ་ཆེད་གཏོགས་ཀྱི་ཀྲུའུ་ཞི་སྡིངས་ཆ་བཟོས་མེད་པ་དང་། སྤུས་ལེགས་ཀྱི་གཟིགས་སྟེགས་4000ཙམ་ཕྱི་ཕྱོགས་སུ་སྤ་སེ་བཙོངས་པའི་ནང་མི་སྒེར་གྱི་སྤ་སེ་དང་། ཚོགས་པའི་སྤ་སེ། ཁྱད་ལྡན་ཉམས་ལེན་གྱི་སྤ་སེ་སོགས་ཚུད་པ་མ་ཟད། ཡུལ་སྐོར་བ་མི་འདྲ་བའི་དགོས་མཁོ་ལའང་ལྟ་རྟོག་བྱས་ཡོད”ཅེས་ཁོར་ཆིན་ཡིའུ་དབྱི་ཆན་ཆི་ཡི་ཆི་ཀྲང་གཞོན་པ་མཱ་ཉིང་གིས་བརྗོད་ཅིང་། ཁོང་གིས་སྤ་སེ་ཉོ་དགོས་པའི་གཟིགས་སྟེགས་ཕུད་ཚོགས་རའི་ས་ཁོངས་གཞན་དག་རིན་མེད་ངང་སྒོ་ཕྱེ་བས། ཡུལ་སྐོར་བས་རིན་མེད་ངང་རྩྭ་ཐང་གི་འགྲན་བསྡུར་དང་དམངས་སྲོལ་འགྲེམས་འཁྲབ་སྣ་ཚོགས་ལ་ལྟ་ཆོག་ཅེས་བརྗོད།

    “སྲིད་གཞུང་གིས་འགྲོ་སོང་གཏོང་བ”ནས“རང་བརྟེན་འཕེལ་རྒྱས”བར་གྱི་སྤུས་ཚད་མཐོ་བའི་མཁོ་སྤྲོད་ལས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ནུས་འཕེལ་ཡོད།

    གཉེར་སྐྱོང་བྱེད་སྟངས་གསར་རྐྱང་ལ་བརྟེན་ནས་སྐབས་འདིའི་ནཱ་ཏ་མུའུ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཉིན་དེ་རང་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་20ལ་སྣེ་ལེན་ཞུས་པས་འཛད་སྤྱོད་བྱེད་ཚད་སྒོར་དུང་ཕྱུར་2ལྷག་ཙམ་སྐུལ་ཁྲིད་ཐུབ་ཡོད། དེ་དང་ཆབས་ཅིག ཤིང་ཨན་མོང་གིས་ད་དུང་རྫོང་དང་ཆི་ཁག་དང་མཉམ་དུ“གང་སར་ནཱ་ཏ་མུའུ་ཡི་དུས་ཆེན་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བས། ནཱ་ཏ་མུའུ་ཡི་དུས་ཆེན“འགོ་ཚུགས་མ་ཐག་མཇུག་འགྲིལ་བ་དང་གྲོལ་མ་ཐག་གྲང་ཤུར་ཤུར་གྱི་རྣམ་པར”འགྱུར་ལྡོག་ཐུབ་ཡོད། དུས་ཐུང་གི་དུས་ཆེན་གྱི་ཚ་རླབས་དེ་ཕུགས་ཕན་གྱི་ཁེ་སྤོགས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།