འོས་འགན་སྨན་བཅོས་བྱས་ནས་དམངས་སེམས་དྲོ་བར་བྱེད།

2026ལོའི་ཟླ་8ཚེས་24ཉིན། དྲག་ཆས་ཉེན་རྟོག་ཀན་སུའུ་སྤྱི་ཁྱབ་རུ་ཁག་པའེ་དབྱིན་ཉིང་ལག་རུ་ཁག་འཕྲོད་བསྟེན་རུ་ཁག་གིས་ཧུའེ་ཉིང་རྫོང་ཧུའེ་ཧྲི་གྲོང་རྡལ་གཡོད་ཡ་པའོ་སྡེ་ཁུལ་དུ“རྒྱང་སྐྱོད་ཀྱི་བརྩེ་བ་རྒྱུན་འཛིན་བྱེད། འོས་འགན་སྨན་བཅོས་ཀྱིས་དམངས་སེམས་དྲོ་བར་བྱེད”ཅེས་པའི་བདེ་ཐང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། སྨན་དོན་པས་མང་ཚོགས་ལ་བདེ་ཐང་གི་རྒྱུན་ཤེས་ཁྱབ་གདལ་དང་། བདེ་ཐང་གི་བློ་འདྲིར་ལན་འདེབས་པ། ས་ཡུལ་དངོས་སུ་བརྟག་དཔྱད་སྨན་བཅོས་སོགས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་རྒྱུན་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།