དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ཆེན་ཁག་གཅིག་ཏུ་གྲོང་གསེབ་ཀྱི་སློང་རྟེན་མཐོ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་གི་ཉམས་མྱོང་སྤེལ་རེས་ཚོཌ་འདུ་འཚོཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-28

     ཚེས་26ཉིན་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་ཅང་ཤིས་ཀན་ཀྲོའུ་རུ་ཞིང་ཆེན་ཁག་གཅིག་ཏུ་གྲོང་གསེབ་ཀྱི་སློང་རྟེན་མཐོ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་སློང་རྟེན་མཐོ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་ཀའི་འཕེལ་རིམ་དང་ཕན་འབྲས་ཕྱོགས་སྡོམ་གཏིང་ཟབ་དང་། ཉམས་མྱོང་དང་བྱེད་ཐབས་སྤེལ་རེས། གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་ནས་བཅོས་སྒྲིག་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གྱི་མཐོ་ཚད་ནས། གྲོང་གསེབ་ཀྱི་སློང་རྟེན་མཐོ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་ཀའི་གལ་ཆེའི་རང་བཞིན་དང་། དགོས་གཏུགས་རང་བཞིན། ཕུགས་ཕན་རང་བཞིན་བཅས་ལ་ངོས་འཛིན་དང་ཁོང་དུ་གཏིང་ཟབ་ཆུད་པ་དང་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བ་དང་དོན་འཁྱོལ་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྒྲིག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཁ་གཏད་ནུས་ལྡན་གཅོག་པ། བཅོས་སྒྲིག་ལས་ཀའི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་བག་མ་བསུ་ལེན་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་ཁོངས་གཙོ་བོ་དང་། གཙོ་གནད་མི་ཚོགས། མངོན་གསལ་དོད་པའི་གནད་དོན་བཅས་ལ་དམིགས་ནས་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་ཏེ། བཅོས་སྒྲིག་གི་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་དང་བྱ་སྤྱོད་དང་ཕན་འབྲས་མཐོང་ཐུབ་པའི་འགན་ལེན་བྱེད་དགོས། མང་ཚོགས་རང་སྐྱོང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ཡུལ་སྲོལ་དམངས་ཆིངས་ལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དངོས་སུ་གཏན་འཁེལ་བྱས་པའི་སློང་རྟེན་སོགས་དར་སྤེལ་རང་བཞིན་གྱི་ཚད་གཞི་དང་ཟུང་འབྲེལ་བྱེད་དགོས། སློང་རྟེན་དང་འབྲེལ་བའི་རྩོད་གཞིའི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སློང་རྟེན་དང་འབྲེལ་བའི་རྩོད་གཞིའི་གྱོད་གཞིར་ཁྲིམས་ལྟར་ཞིབ་གཅོད་བྱས་ནས། སློང་རྟེན་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཤེས་རྟོགས་དང་ནུས་ལྡན་ངང་སེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།