ཉེན་སེལ་རྒུད་སྐྱོབ་ལས་ལ་གཞོལ། ཁྱིམ་གཞིས་སྲུང་སྐྱོང་ཧུར་ཐག་བྱེད།

འདི་ནི་སྐྱིད་གྲོང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ཆོས་དར(གཡོན་གྱི་གཉིས་པ)གྱིས་སྤང་གཞོང་སྡེ་ཁུལ་དམག་དམངས་མཛོད་ཁང་དུ་དངོས་ཟོག་གཏོང་འདྲེན་བྱེད་བཞིན་པ།

འདི་ནི་ཟླ་8ཚེས་27ཉིན། སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་ཀྱི་ཁག་དང་པོའི་རོགས་སྐྱོབ་མི་སྣ་26གིས་ས་ལེ་ཤང་སྲིད་གཞུང་གི་སྒོ་རའི་ནང་འཕྲལ་སྡོམ་གུར་ཕུབ་པ་དང་། སྡོད་སའི་ས་ཆ་དམའ་བ་དང་ཉེན་ཁ་འཕྲད་སྲིད་པའི་མང་ཚོགས་320ལྷག་ཙམ་དེ་གར་སྤོས་པ་རེད། ལས་སྒྲུབ་མི་དམངས་ཉེན་རྟོག་དང་ལས་རོགས་ཉེན་རྟོག་པས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས། མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ངང་རྒྱུད་རིང་པོས་ཤེས་རྟོགས་དང་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་རེ་ཞུ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཤིང་། འདི་ནི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

འདི་ནི་ཟླ་8ཚེས་27ཉིན། གནས་སྤོས་མང་ཚོགས་ཀྱི་བཀོད་སྒྲིག་ས་ཚིགས་ཏེ། སྐྱིད་གྲོང་གྲོང་རྡལ་གནས་མཆོག་གསོལ་མགྲོན་ཁང་གི་ཚོམས་ཆེན་དུ་གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པས་སྨན་སྒམ་ནང་སྨན་འདང་ངེས་ཡོད་མིན་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།