དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ།

    མི་1200ལྷག་ཙམ་འཐབ་ས་དང་པོར་བསྐྱོད་དེ་མི་499བཀོད་སྒྲིག་ཡག་པོ་བྱས་པ་དང་ཡུལ་སྐོར་བ་555ཁ་འགྲེམ་གནས་སྤོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-28

    སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། འཕྲལ་མ་ཉིད་དུ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུཌ་ནས་ཉེན་སེལ་རྒུད་སྐྱོབ་དང་། མང་ཚོགས་གནས་སྤོ་བཀོད་སྒྲིག ཡུལ་སྐོར་བ་ཁ་འགྲེམ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ཚེས་27ཉིན་བར་རིམ་རྩིས་བརྒྱབ་ན་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་ཡུལ་སྐོར་བ་555ཁ་འགྲེམ་གནས་སྤོ་བྱས་པ་དང་། མི་499ཚང་མ་བཀོད་སྒྲིག་ཡག་པོ་བྱས་པ། མི་2འཚོལ་སྐྱོབ་ཐུབ་པ་བཅས་རེད།

    གནོད་འཚེ་ཐོན་རྗེས་གཞིས་རྩེ་གྲོང་ཁྱེར་གྱིས་འཕྲལ་དུ་མདུན་ཕྱོགས་བཀོད་འདོམས་པུའུ་བཙུགས་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རོགས་སྐྱོབ་སྟོབས་ཤུགས་1200ལྷག་ཙམ་སྤྱི་འདོམས་བྱས་པ་དང་རྒུད་སྐྱོབ་སྒྲིག་ཆས(འཁོར་རིགས)སྣ་ཚོགས་621བསྡུ་རུབ་བྱས་ཏེ། གཏོར་སྐྱོན་ཕོག་པའི་ལམ་དུམ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་དང་ཆབས་ཅིག འཕྲིན་གཏོང་དང་གློག་ཤུགས་སོགས་ཀྱི་སྒྲིག་བཀོད་མྱུར་བཟོ་དང་དངོས་ཟོག་བཀོད་སྒྲིག་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱས་པ་རེད། མིག་སྔར་རྒུད་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

    མང་ཚོགས་གནས་སྤོ་བཀོད་སྒྲིག་ཐད། གནོད་འཚེའི་འཇིགས་སྣང་འཕྲད་པའི་ས་ཁོངས་ཀྱི་མང་ཚོགས་གནས་སྤོ་བྱེད་དགོས་རིགས་ཚང་མ་གནས་སྤོ་ཐུབ་པ་དང་མི་གཅིག་ཀྱང་མི་ལུས་པ་བྱས་པ་དང་དུས་མཚུངས། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་འཚོ་བའི་ཞབས་ཞུའི་འགན་ལེན་ཁག་ལ་སྤྱི་འདོམས་ཡག་པོ་བྱས་ནས་གནས་སྤོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བརྟན་ལ་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད། མིག་སྔར་ས་ལེ་ཤང་ཀོ་པ་གྲོང་ཚོའི་ཡུལ་མི་180དང་། སེར་ཆུང་གྲོང་ཚོའི་ཡུལ་མི་40 ལ་བི་གྲོང་ཚོའི་ཡུལ་མི་107 སྐྱིད་གྲོང་གྲོང་རྡལ་ཅང་གྲོང་ཚོ་རྙིང་པའི་ཡུལ་མི་55 ཁྲོང་སེ་གྲོང་ཚོའི་ཡུལ་མི་88 ཨར་ལས་རུ་ཁག་གི་ལས་མི་29བཅས་བཀོད་སྒྲིག་ཡག་པོ་བྱུང་ཡོད།

    ཡུལ་སྐོར་བ་ཁ་འགྲེམ་ཐད་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། སྐྱིད་གྲོང་གྲོང་རྡལ་དུ་ཡུལ་སྐོར་ལ་ཡོང་བའི་ཡུལ་སྐོར་བར་ངང་རྒྱུད་རིང་པོས་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཡོད། གསོལ་མགྲོན་ཁང་གི་རྒྱབ་སྐྱོར་དང་གཞོགས་འདེགས་བརྩོན་ལེན་ཧུར་ཐག་བྱས་ནས། ཡུལ་སྐོར་བར་མགྱོགས་མྱུར་དེ་ནས་ཁ་འབྲལ་དགོས་པའི་ཁ་ཏ་བསླབ་བྱ་དང་ཁྲིད་སྟོན་བྱས་ཡོད། ཚེས་27ཉིན། གསར་འགོད་པས་སྐྱིད་གྲོང་གྲོང་རྡལ་གྱི་མགྲོན་ཁང་མང་པོ་ཞིག་ཏུ་བསྐྱོད་དེ་ཤེས་རྟོགས་བྱས་པར། ཡུལ་སྐོར་བ་མང་ཆེ་བ་དེ་ཉིན་ཞོགས་པ་གཅིག་རྗེས་གཉིས་མཐུད་ངང་ཁ་བྲལ་ཟིན་ཡོད། ཡུལ་སྐོར་བའི་འགྲུལ་བཞུད་ལམ་ཐིག་མི་འདྲ་བར་གཞིགས་ནས་རིག་གནས་དང་ཡུལ་སྐོར་སོགས་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་འོག མིག་སྔར་དེ་གར་ཡུལ་སྐོར་བ་སྤྱིར་ན་ལུས་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།