དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས།

    གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-28

    ཚེས་26ཉིན། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། གནོད་འཚེ་ཐོན་རྗེས། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚན་ཁག་གི་ཁོངས་མིས་རུ་སྣེ་ཁྲིད་པ་དང་ཏང་ཡོན་ལས་བྱེད་པ་10ལས་གྲུབ་པའི་དང་བླངས་ཞབས་ཞུའི་རུ་ཁག་གཞིས་རྩེ་གྲོང་ཁྱེར་དུ་གནོད་འཚེ་ཕོག་པའི་མང་ཚོགས་དང་། ལྷག་པར་དུ་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་སྤེལ་བར་བསྐྱོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་ཁྲི་300བཏང་སྟེ་ཉེན་སེལ་རྒུད་སྐྱོབ་ཐད་སྤྱད་པ། འཕྲལ་མར《ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས་པའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཀྲམ་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཏེ། ཉེན་སེལ་རྒུད་སྐྱོབ་ཤུགས་དང་ལྡན་པ་དང་། གོ་རིམ་ལྡན་པ། ནུས་ལྡན་བཅས་ཡོང་བར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    《བརྡ་ཐོའི》ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་བའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་སྐྲུན་དགོས། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་གནས་དེ་རང་དང་སྡེ་ཚན་དེ་རང་གི་སྟོབས་ཤུགས་དུས་ཐོག་ཏུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། དགོས་མཁོར་གཞིགས་ནས་འཕྲལ་སྡོམ་འགན་སྲུང་དང་རོགས་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐར་ཟད་ཀྱི་བསམ་གཞིག་བརྟན་པོ་བཙུགས་ཏེ་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་གང་ལེགས་འདོན་པ་དང་། རང་བྱུང་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱེད་དགོས། གེགས་ཁུལ་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྔོན་ཚུད་ནས་བཀོད་འདོམས་དང་། འགན་འཁུར་ཕོད་པ། ཐེག་པ་ཁུར་ལེན། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་མཐའ་གཅིག་ཏུ་ཞུ་བ། རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་རང་འགུལ་ངང་འཁུར་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པ། གཞི་རྩའི་འཚོ་བར་འགན་སྲུང་དང་དཀའ་ངལ་དངོས་སེལ་བ། གནོད་འཚེ་ཕོག་པའི་མང་ཚོགས་དང་ལྷག་པར་དུ་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་ངང་རྒྱུད་རིང་ཞིང་ཞིབ་ཚགས་པོས་སེམས་ཤུགས་སྤྲོད་པ་དང་སེམས་གསོ་གཏོང་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་བ་བཅས་བྱས་ཏེ། གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་མི་སེམས་ལྷོད་ལ་བབས་པའི་འགན་ལེན་བྱེད་དགོས།

    《བརྡ་ཐོའི》ནང་བླང་བྱ་བཏོན་དོན། གྲོང་སྡོད་ལས་དོན་རུ་ཁག་དང་ཧྲུའུ་ཅི་དང་པོས་མང་ཚོགས་སྒྲིག་འཛུགས་བྱས་ནས་མདུན་ཕྱོགས་སུ་བསྐྱོད་དེ་འཐབ་ས་ཡག་པོ་སྲུང་དགོས། བདེ་འཇགས་དོ་དམ་གྱི་འགན་འཁྲི་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ལོག་ཞོད་སྐྱོན་དང་། ཆུ་རུད། རི་ཉིལ་བ་སོགས་ཀྱི་གནོད་འཚེ་སྣ་ཚོགས་ལ་དམིགས་ནས་མི་ཐབས་དང་རྩལ་ཐབས་ཀྱི་འགོག་ཟོན་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ཉེན་ཁ་ཡོད་སར་ལྟ་ཞིབ་ཚད་ལེན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་དང་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་གེགས་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཉེན་ཁའི་གནས་ཚུལ་དང་གནོད་འཚེ་ཤེས་མ་ཐག་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་འབྲེལ་ཐག་གཅོད་བྱེད་པ་དང་། ཉེན་ཁ་ཡོད་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོས་ཏེ་སྤོ་དགོས་རིགས་ཚང་མ་སྤོ་བ་དང་གང་མགྱོགས་སྤོ་ཐུབ་པའི་འགན་ལེན་བྱེད་དགོས། ཁོངས་གཏོགས་ཁུལ་གྱི་སྐོར་གཡེང་དང་ལས་རེས་སོགས་ཀྱི་ལས་དོན་ནང་རང་འགུལ་ངང་ཞུགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་སྒྲིག་འཛུགས་བྱས་ནས་རང་སྐྱོབ་བྱེད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐབས་བརྒྱ་ཇུས་སྟོང་ངང་སེལ་རོགས་བྱས་ཏེ་ཁོང་ཚོ་དཀའ་གནད་ལས་སྒྲོལ་རོགས་བྱེད་དགོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲ་སྦྲེལ་དང་། ལག་ཐོགས་ཁ་པར། གྲོང་གསེབ་ཀྱི་རྒྱང་བསྒྲགས་སོགས་ལ་བརྟེན་ནས་གནོད་འཚེའི་སྔོན་བརྡ་དང་། འགོག་ཟོན་བྱ་ཐབས། ཁ་གཏད་གཅོག་ཚུལ་སོགས་ཀྱི་ཆ་འཕྲིན་དུས་ཐོག་དང་ཆ་ཚང་ཞིང་གནད་ལ་འཁེལ་པོས་དུད་ཚང་ཚང་མར་དྲིལ་བསྒྲགས་དང་མི་ཚང་མས་ཤེས་པར་བྱས་ཏེ། མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས།

    《བརྡ་ཐོའི》ནང་བླང་བྱ་བཏོན་དོན། བོད་སྐྱོར་ལས་དོན་རུ་ཁག(ཚོགས་ཆུང)ཁག་གིས་དོན་དངོས་ལ་གཞི་ཚུགས་ནས་དམིགས་བསལ་གྱི་ལེགས་ཆ་ཡག་པོ་འདོན་དགོས། རོཌ་སྐྱོར་བྱ་ཡུལ་ལ་གནོད་འཚེའི་སྔོན་བརྡ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་རོགས་བྱས་ཏེ། གེགས་ཁུལ་ལ་སྨན་བཅོས་རོགས་སྐྱོབ་སྟོབས་ཤུགས་མཐུན་སྦྱོར་ཡག་པོ་བྱེད་པ་དང་། རོགས་སྐྱོབ་དངོས་ཟོག་གྲབས་གསོག་བྱེད་རོགས་བྱེད་པ། གེགས་རྗེས་བསྐྱར་སྐྲུན་ལ་ཞུགས་པ་སོགས་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།