ཀན་སུའུ་ཀན་ལྷོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ།

འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོད་གྲོང་ཁྱེར་རྒྱལ་མཁར་ཁྲོམ་གཞུང་རྒྱ་ར་འགབ་མ་གྲོང་ཚོར་གསེར་མདོག་གི་ཞིང་ར་དང་། རྫ་གཡམ་དམར་པོའི་ཞིང་ཁྱིམ། ལྗང་མདོག་སྔོ་ཁེབས་བཅས་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཡིན་པ།
ཉེ་བའི་ལོ་ཤས་རིང་། གཙོད་གྲོང་ཁྱེར་རྒྱལ་མཁར་ཁྲོམ་གཞུང་རྒྱ་ར་འགབ་མ་གྲོང་ཚོས་སྐྱེ་ཁམས་ཁོར་ཡུག་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་། དེང་རབས་ཞིང་ལས་ཐོན་ལས་དང་གྲོང་གསེབ་ཀྱི་ཁྱད་ལྡན་དམངས་སྲོལ་གནས་ཚང་སོགས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། གནས་འཕྲོད་ལས་འཚམ་དང་ཡུལ་སྐོར་ལ་འཚམ་པའི་མཛེས་མཐུན་གྲོང་གསེབ་གཏོད་པ་བཅས་བྱས་ཏེ། “སྤྲོ་གསེང་ངལ་གསོ་དང་། ཞིང་པའི་སྤྲོ་སྐྱིད་ཁང་། དམངས་སྲོལ་ལྟ་སྐོར། ཞིང་ལས་ཉམས་ལེན”བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་སྟངས་གསར་པ་ཞིག་འཚོལ་ཞིབ་བྱས་ནས་ཆགས་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།