མཚོ་སྔོན་མཚོ་ཤར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ།
ཉེ་ཆར་2026ལོའི་མཚོ་སྔོན་ཞིང་ཆེན་གྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། མཚོ་ཤར་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”བསྐྲུན་པར་གཞོལ་ནས་འགྲུལ་སྐྱེལ་ལམ་ཐིག་38སྔ་རྗེས་སུ་ཤར་གཏོང་ཐུབ་པ་ལས་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད་ལ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆེད་མེད་པར་ཆེ་རུའང་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཤར་གྲོང་ཁྱེར་གྱིས“གཉེར་སྐྱོང་ཡག་པོའི”མཐའ་སྣེར་དམ་པོར་བཟུང་སྟེ། རྫོང་གྲོང་ཁག་གི་འགྲུལ་སྐྱེལ་འབབ་ཚུགས་དང་ཤང་དང་གྲོང་རྡལ་གྱི་འབབ་ཚུགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་འགྲུལ་སྐྱེལ་འབབ་ཚུགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་མགོ་ཚུགས་དང་མཐའ་ཚུགས་འཛུགས་སྐྲུན་གྱི་རྣམ་གྲངས་38ལག་བསྟར་བྱས་པ་བརྒྱུད། རྫོང(ཆུས)ཚང་མར་རིམ་པ་དང་པོའི་འགྲུལ་སྐྱེལ་འབབ་ཚུགས་བསྐྲུན་པ་དང་། རིམ་པ་གཉིས་པ་དང་གསུམ་པའི་འགྲུལ་སྐྱེལ་འབབ་ཚུགས་གཙོ་བོར་བྱས་པའི་འགྲུལ་སྐྱེལ་འབབ་ཚུགས་མ་ལག་དང་སྐྱེལ་འདྲེན་ཞབས་ཞུའི་དྲ་རྒྱ་རགས་ཙམ་ཆགས་ཏེ། ཤང་དང་གྲོང་རྡལ་67%ལ་རིམ་པ་ལྔ་པ་ཡན་གྱི་རླངས་འཁོར་འབབ་ཚུགས་བསྐྲུན་པ་དང་ཞིང་འབྲོག་ཁུལ་གྱི་སྟབས་བདེའི་འབབ་ཚུགས་དང་དེ་བཞིན་སྐད་འབོད་འབབ་ཚུགས་ཡོངས་སུ་ཁྱབ་ཡོད། མིག་སྔར་མཚོ་ཤར་གྲོང་ཁྱེར་དུ་རིམ་པ་དང་པོའི་འགྲུལ་སྐྱེལ་འབབ་ཚུགས་6དང་རིམ་པ་གཉིས་པའི་འགྲུལ་སྐྱེལ་འབབ་ཚུགས་1ཡོད་པ་དང་། རྒྱུན་བཙུགས་འགྲོ་ལམ་གྱི་འགྲུལ་སྐྱེལ་ཁེ་ལས་8དང་རྒྱུན་བཙུགས་འགྲོ་ལམ་གྱི་རླངས་འཁོར་331ཡོད་པ། སྤྱི་སྤྱོད་སྐྱེལ་འདྲེན་ཁེ་ལས་10དང་། སྤྱི་སྤྱོད་ལམ་ཐིག་81 སྤྱི་སྤྱོད་རླངས་འཁོར་692(གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་282དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་410)བཅས་ཡོད་པ། འགྲུལ་སྐྱེལ་བོགས་གཏོང་ཁེ་ལས་6དང་བོགས་གཏོང་རླངས་འཁོར་1755ཡོད་པ། དྲ་འབོད་བོགས་གཏོང་རླངས་འཁོར་ཁེ་ལས་1དང་དྲ་འབོད་རླངས་འཁོར་150ཡོད་པ། ཡུལ་སྐོར་རླངས་འཁོར་བོགས་གཏོང་སྐྱེལ་འདྲེན་ཁེ་ལས་5དང་ཡུལ་སྐོར་རླངས་འཁོར་198ཡོད་པ་བཅས་ལས་མང་ཚོགས་ཕྱིར་སྐྱོད་སྟབས་བདེ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།