དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-28

    ཟླ་8ཚེས་27ཉིན་མི་དམངས་ཉེན་རྟོག་པས་རྒྱལ་ལམ་216ཡི་སྐྱིད་གྲོང་རྫོང་ནས་སྐྱིད་གྲོང་འགག་སྒོའི་ལམ་དུམ་བུར་འགྲོ་ལམ་གཤོང་བ་དང་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་ལས་དོན་སྤེལ་བཞིན་པ།

    ཟླ་8ཚེས་27ཉིན་རོགས་སྐྱོབ་རླངས་འཁོར་གྱིས་སྐྱིད་གྲོང་འགག་སྒོའི་འགྲོ་ལམ་མྱུར་བཟོ་བྱེད་བཞིན་ཡོད་པ་དང་། ཟླ་8ཚེས་27ཉིན་གྱི་ཆུ་ཚོད་18བར་གནོད་འཚེ་ཕོག་སའི་ལམ་དུམ་བུ་སྨི་800ཙམ་མྱུར་བཟོ་ཟིན་པ་རེད།

    ཟླ་8ཚེས་27ཉིན་ཀྲུང་དབྱང་གིས་ཛ་དྲག་ངང་གཏོང་སྤྲོད་བྱས་པའི་རོགས་སྐྱོབ་དངོས་ཟོག་ཁག་དང་པོ་སྐྱིད་གྲོང་གྲོང་རྡལ་གྱི་འགག་སྒོའི་རླངས་འཁོར་འཇོག་སར་འབྱོར་བ།

    སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་གཅིག་སྡུད་བྱས་པ་དང་མཚན་མོའི་སྨག་རུམ་ཁྲོད་དུ་རོགས་སྐྱོར་བྱེད་པར་བསྐྱོད་དེ་མི་སྣ་འཚོལ་སྐྱོབ་དང་། འགྲོ་ལམ་གཤོང་བ། ཉེན་ཁ་གྲལ་བཤེར། མང་ཚོགས་གནས་སྤོ། ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་བ་སོགས་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཉེན་སེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།