སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར།
ལི་ཆང་བོད་ལྗོངས་སྐྱིད་གྲོང་རྫོང་དུ་ཕེབས་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཟླ་8ཚེས་27ཉིན་གྱི་ཕྱི་དྲོར་བོད་ལྗོངས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་ཆུ་རུད་གནོད་འཚེ་ཕོག་ཁུལ་དུ་ཕེབས་ནས། ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་། ཉེན་སེལ་རྒུད་སྐྱོབ་མི་སྣ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་རེད།
འབྲེལ་ཡོད་གསར་འགྱུར།