ཨ་རིས་ཁུ་པར་དཔལ་འབྱོར་བཀག་སྡོམ་བྱེད་ཡུན་རིང་དུ་བཏང་བར་ཁུ་པས་རྒོལ་གཏམ་བཏང་བ།
ཁུ་པའི་ཕྱི་འབྲེལ་པུའི་པུའུ་ཀྲང་ལུའོ་ཏེ་ལི་ཀེ་སི་ཡིས། ཚེས་25ཉིན་ཨ་རི་སྲིད་གཞུང་གིས་1962ལོ་ནས་བཟུང་ཁུ་པར《དགྲར་འཛིན་ཚོང་དོན་བཅའ་ཁྲིམས》ལག་ལེན་བསྟར་བའི་དུས་ཚད་སླར་ཡང་རིང་དུ་བཏང་བར་རྒོལ་གཏམ་བཏང་བ་རེད།
ལུའོ་ཏེ་ལི་ཀེ་སི་ཡིས། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ནས“ཁུ་པས་ཆེས་ཤུགས་དྲག་ལྡན་པའི་གི་ཚིག་སྦྱོར་གྱི་ཐོག་ནས་ཨ་རི་སྲིད་གཞུང་གིས་དཔལ་འབྱོར་དང་། ཚོང་ལས། དངུལ་རྩ་བཅས་བཀག་སྡོམ་སླར་ཡང་ལོ་གཅིག་ནར་འགྱངས་བྱས་པར་རྒོལ་གཏམ་གཏོང་གི་ཡིན། རང་རྒྱལ་གྱི་མི་དམངས་ལ་དམིགས་པའི་རིགས་རྒྱུད་རྩ་མེད་གཏོང་བའི་སྲིད་ཇུས་དེ་ལོ་དྲུག་ཅུ་ལྷག་ཙམ་རྒྱུན་མཐུད་ལག་ལེན་བསྟར་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ད་དུང“འཇིགས་སྐུལ་བ་ནི་ཁུ་པ་མིན་པར་ཨ་རིའི་བཀག་སྡོམ་རེད”ཅེས་བརྗོད་པ་རེད།
ཨ་རི་སྲིད་གཞུང་གི《རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལོ་རྒྱུས་ཟིན་ཐོ》ཞེས་པའི་གཞུང་ཕྱོགས་ཚགས་པར་ཐོག་ཉིན་དེའི་སྔ་པོ་ནས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཟླ་8ཚེས་20ཉིན་བཞག་པའི་ཙུང་ཐུང་གི་བཀའ་རྒྱ་ཡོངས་བསྒྲགས་བྱས་པ་དང་། དེའི་ནང་ཁུ་པར་ལག་བསྟར་བྱས་པའི《དགྲར་འཛིན་ཚོང་དོན་བཅའ་ཁྲིམས》ཀྱི་དུས་ཡུན་ལོ་གཅིག་སྟེ་2027ལོའི་ཟླ་9ཚེས་14ཉིན་བར་རིང་དུ་བཏང་ཡོད། 《དགྲར་འཛིན་ཚོང་དོན་བཅའ་ཁྲིམས》ནི་1917ལོར་ཨ་རིས་ཡོངས་བསྒྲགས་བྱས་པའི་བཅའ་ཁྲིམས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི“དགྲ་བོའི་རྒྱལ་ཁབ”དང་ཚོང་དོན་བྱ་རྒྱུར་ཚོད་འཛིན་བྱ་ཆེད་རེད། ཁུ་པ་ནི་མིག་སྔར་ཁྲིམས་ལུགས་དེའི་ཚོད་འཛིན་ཕོག་མཁན་གྱི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།