དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧན་གྱི་གྲགས་ཅན་མི་སྣའི་གླེང་སྟེགས་སྐབས་ཉེར་དྲུག་པ་ཧྲོའར་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-28

    ཉིན་ཤས་གོང་། ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་དང་ཧན་གོའི་དུས་རབས་21པའི་ཧན་ཀྲུང་སྤེལ་རེས་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཉེར་བའི་ཀྲུང་ཧན་གྱི་གྲགས་ཅན་མི་སྣའི་གླེང་སྟེགས་སྐབས་ཉེར་དྲུག་པ་ཧན་གོའི་ཧྲོའར་དུ་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཀྲུང་ཧན་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་ཀྱི་ཚོགས་གཙོ་ཝུའུ་ཁེན་དང་། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏའེ་པིང་། དུས་རབས་21པའི་ཧན་ཀྲུང་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་ཅིན་ཧན་ཀུའེ། ཧན་གོའི་རྒྱལ་ཚོགས་ཀྱི་དེ་སྔའི་དབྱི་ཀྲང་གཞོན་པ་ལི་ཀྲུའུ་རུང་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། ཧན་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཀྲའོ་ཤན་གྱིས་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།