དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱེལ་འདྲེན-20རྟགས་ཅན་གྱི་གནམ་གྲུ་འཕུར་བ།

    ནུབ་རྒྱུད་འཐབ་ཁུལ་མཛུབ་ཁྲིད་ཚོཌ་ཆུང་བོད་དུ་བསྐྱོད་དེ་བུ་ཕྲུག་དམག་སྒྲིག་འཛུཌ་ཀྱིས་རོགས་སྐྱོབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-28

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གསར་འགོད་པར་ནུབ་རྒྱུད་འཐབ་ཁུལ་ནས་ཤེས་རྟོགས་བྱུང་བར། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་སྐྱེལ་འདྲེན-20རྟགས་ཅན་གྱི་གནམ་གྲུ་ཚེས་27ཉིན་གྱི་ཆུ་ཚོད་8དང་སྐར་མ་02ཐོག་ལྷོ་ནུབ་ཀྱི་གནམ་ཐང་ཞིག་ནས་ནུབ་རྒྱུད་འཐབ་ཁུལ་གྱི་མཛུབ་ཁྲིད་ཚོགས་ཆུང་བླུགས་ཏེ་འཕྲལ་མར་བོད་དུ་འཕུར་ཏེ་མི་དམངས་བུ་ཕྲུག་དམག་སྒྲིག་འཛུགས་ཀྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེར་མཉམ་དུ་རོགས་སྐྱོབ་བྱས་པ་རེད།

    ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོར་ཆུ་རུད་ཀྱི་གནོད་འཚེ་ཕོག་ནས་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཆབས་ཆེན་ཐོན་ཡོད། ནུབ་རྒྱུད་འཐབ་ཁུལ་གྱི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱིས་འཕྲལ་དུ་དང་ལེན་ཞུས་ནས་བོད་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་དང་། འཐབ་ཁུལ་གྱི་མཁའ་དམག་གི་དཔུང་སྡེ་ཞིག དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་སོགས་རོགས་སྐྱོབ་སྟོབས་ཤུགས་མང་པོ་སྒྲིག་འཛུགས་བྱས་ཏེ་མགྱོགས་མྱུར་རོགས་སྐྱོབ་བྱས་ནས་འགྲོ་ལམ་ཤར་གཏོང་དང་། གནོད་འཚེའི་གནས་ཚུལ་རྩད་ཞིབ། མི་སྣ་འཚོལ་སྐྱོབ། མང་ཚོགས་གནས་སྤོ་སོགས་ཀྱི་ལས་དོན་སྤེལ་བ་རེད།

    ས་གནས་ཀྱི་ཉེན་སེལ་རོགས་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱ་ཆེད། ནུབ་རྒྱུད་འཐབ་ཁུལ་མཛུབ་ཁྲིད་ཚོགས་ཆུང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རོགས་སྐྱོབ་སྟོབས་ཤུགས་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་དམག་མི་སྤྱོད་པ་དང་གནས་ཚུལ་ལ་གཞིགས་ནས་རོགས་སྐྱོབ་བྱེད་པའི་རྩ་དོན་གཞིར་བཟུང་། ད་ཡོད་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་མཁའ་འགྲུལ་དང་། སྨན་བཅོས། འགྲིམ་འགྲུལ། བཟོ་སྐྲུན་དམག་སོགས་འཕྲལ་སྡོམ་ཆེད་ལས་སྟོབས་ཤུགས་གྲ་སྒྲིག་ཚགས་ཚུད་བྱས་ནས་དགོས་མཁོར་གཞིགས་ཏེ་འཕྲལ་དུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།