དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགག་སྒོར་སྐྱོད་སའི་ལམ་དུམ་སྨི་800ཡས་མས་མྱུར་བཟོ་ཐུབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-27

    སྐྱིད་གྲོང་རྫོང་གི“8•26”ཆུ་རུད་ཀྱི་གནོད་འཚེ་ཐོན་ཚུན། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་སྐྱིད་གྲོང་འགག་སྒོར་སྐྱོད་སའི་G216གི་གཏོར་སྐྱོན་ཕོག་པའི་ལམ་དུམ་གྱི་ཉེན་སེལ་ཤར་གཏོང་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་པ་དང་། ཟླ་8ཚེས་27ཉིན་གྱི་ཆུ་ཚོད་18བར་ལམ་དུམ་སྨི་800ཡས་མས་མྱུར་བཟོ་ཐུབ་ཡོད་པ་རེད། 

    བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འགྲོ་ལམ་ཉེན་སེལ་ཤར་གཏོང་སྔོན་ཇུས་ཞིབ་ཚགས་སུ་དང་ཇེ་ལེགས་སུ་བཏང་སྟེ། འཕྲལ་སྡོམ་ཉེན་སེལ་སྟོབས་ཤུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་བབ་བསྟུན་ལེགས་སྒྲིག་བྱས་ཤིང་། མི་དང་། འཕྲུལ་ཆས། དངོས་ཟོག་སོགས་སྤྱི་འདོམས་ཡག་པོ་བྱས་ཏེ། ལས་གནས་ཁག་གི་འགན་འཁྲི་ཁ་གསལ་བཟོས་པ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱས་ཡོད། དེ་ཡང་། སྐྱིད་གྲོང་འགག་སྒོར་སྐྱོད་པའི་G216ལམ་ཐིག་གི་གཏོར་སྐྱོན་ཕོག་པའི་སྤྱི་ལེ་3གྱི་ལམ་དུམ་ལ་སྔོག་འཕྲུལ་དང་བླུག་འཁོར་སོགས་འཕྲུལ་ཆས་ཀྱིས་དུས་ཚོད་དམ་འཛིན་གྱིས་ལམ་གཤོང་བཞིན་ཡོད། དེ་དང་ཆབས་ཅིག་གནོད་འཚེ་ཕོག་ཁུལ་གྱི་གཞུང་ལམ་དང་། རླངས་འཁོར། དེ་བཞིན་སྒྲིག་ཆས་སོགས་ལ་གཏོར་སྐྱོན་ཇི་འདྲ་ཕོག་མིན་ལ་གྲལ་བཤེར་བྱེད་ཀྱིན་ཡོད་པ་དང་། འཕྲལ་སྡོམ་འགྲུལ་སྐྱེལ་རླངས་འཁོར་4བཏང་ནས་མི་ཐེངས་10དབོར་སྐྱེལ་བྱས་པ་དང་ཟོག་འདྲེན་རླངས་འཁོར་3གྱིས་ཉེན་སེལ་དངོས་ཟོག་ཏུན་60དབོར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།