དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་གི་སྨད་རྒྱུད་དུ་ཡོད་པའི་མང་ཚོཌ་བདེ་འཇགས་ཁུལ་ལ་སྤོས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-27

    གསར་འགོད་པར་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་སྨད་རྒྱུད་དུ་གནས་ཡོད་པའི་སེར་ཆུང་གྲོང་ཚོ་དང་ལ་བི་གྲོང་ཚོ་སོགས་ཉེན་ཁ་འཕྲད་སྲིད་པའི་མང་ཚོགས་བདེ་འཇགས་ཁུལ་དུ་གནས་སྤོས་པ་རེད། 

    སྐྱིད་གྲོང་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་ལས་དོན་པས་མང་ཚོགས་ལ་གནས་སྤོ་དགོས་ལུགས་བརྗོད་བཞིན་པ།

    རང་བྱུང་གནོད་འཚེ་ཐོན་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་འོག་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་འཕྲལ་མར་ས་གཤིས་གནོད་འཚེ་འགོག་པའི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་ནས། གནོད་འཚེའི་འཕྲལ་སྡོམ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ཉིན་དེའི་ཕྱི་དྲོ་ལས་དོན་ཚོགས་ཆུང་ཁག་གསུམ་སྒྲིག་འཛུགས་བྱས་ཏེ་མི་མེད་གནམ་གྲུ་དང་། སྲུང་སྐར་ཁ་པར། བྱང་སྐར་སྤུན་བདུན་གྱི་མཐའ་སྣེ་སོགས་ཁྱེར་ནས་གནོད་འཚེ་ཐོན་ཡུལ་དུ་བསྐྱོད་པ་རེད། མིག་སྔར། རང་བྱུང་ཐོན་ཁུངས་པུའི་ལས་དོན་ཚོགས་ཆུང་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་མི་སྣ་འཐབ་ས་དང་པོར་བསྐྱོད་དེ་འཕྲལ་སྡོམ་ཉེན་སེལ་བྱེད་བཞིན་ཡོད། ཞིབ་བཤེར་བྱས་པ་བརྒྱུད། ནེ་པ་ལའི་ཕྱོགས་ཀྱི་འཁྱགས་རོམ་བརྡིབས་ཏེ་འཁྱགས་ཧྲུག་རྡོ་ཧྲུག་དང་མཉམ་དུ་ལུང་ཤུར་དུ་ཉིལ་ནས་བཞུར་བའི་རྐྱེན་གྱིས་ཏུང་ལིང་གཙང་པོ་འགག་ནས་གཙང་པོའི་སྨད་རྒྱུད་དུ་ཆུ་ལོག་དང་ཆུ་རུད་ཐོན་ཡོད། ས་ལེ་ཤང་ཀོ་པ་གྲོང་ཚོའི་ངོགས་ཀྱི་རི་ཉིལ་ནས་འཁྱིལ་མཚོ་ཆགས་ཡོད། ཚོད་དཔག་བྱས་ན་འཁྱིལ་མཚོའི་མཐོ་ཚད་ལ་སྨི་50དང་རིང་ཚད་ལ་སྨི་3000ལྷག་ཡོད་པས་སྨད་རྒྱུད་ལ་ཉེན་ཁ་ཚབས་ཆེན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།