དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ང་ལོག་ཡོང་བ་ཡིན”ཞེས་པའི་སྐད་ཆ་ཐོས་རྒྱུར་བསྒུགས་ནས་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-27

    ཉིན་འགའི་གོང་ལ་སྐྱིད་གྲོང་འགག་སྒོ་ལྷིང་འཇགས་སུ་གནས་ཡོད་མོད། འོན་ཀྱང་ནེ་པ་ལའི་ཕྱོགས་སུ་ཐོན་པའི་ཆུ་རུད་ཀྱིས་མཛེས་པའི་ས་ཆ་དེ་ཉིད་སྐད་ཅིག་ཉིད་དུ་ཐོར་ཞིག་ཏུ་བཏང་། སྐབས་དེར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་ཆ་འཕྲིན་ནི་སུས་ཀྱང་ཐོས་འདོད་མེད་པ་ཞིག་རེད། 

    ཆུ་རུད་ཀྱི་གནོད་འཚེས་མི་རྣམས་ལ་སེམས་ཁྲལ་ཆེན་པོ་བཟོས་པ་མ་ཟད། རྒྱལ་ཡོངས་མི་དམངས་ཀྱིས་གདུང་སེམས་མཉམ་སྐྱེས་བྱེད་པ་དང་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་གེགས་ཁུལ་དུ་མངགས་ཏེ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་རྩ་དོན་སེམས་ལ་བཅངས་ནས་ཚང་མས་ཉེན་སེལ་རོགས་སྐྱོབ་ལ་ཆར་བ་གྲུ་འདེགས་བྱེད་བཞིན་ཡོད། 

    དེ་བཞིན་དྲ་ཐོག་ཏུ་སྐྱིད་གྲོང་འགག་སྒོའི་དེ་སྔའི་བརྙན་པར་སོགས་བསྐུར་ནས་གེགས་ཁུལ་གྱི་མི་སྣར་བར་ཆད་མེད་པའི་སྨོན་ལམ་འདེབས་མཁན་མང་པོ་བྱུང་ཡོད།

    རང་བྱུང་གནོད་འཚེར་སྙིང་རྗེ་མེད་ནའང་མི་ཡུལ་ལ་བརྩེ་བས་ཁེངས། སེམས་ཤུགས་དང་སྟོབས་ཤུགས་སྦྱིན་པའི་བབ་ཆགས་ཀྱི་སྐད་ཆ་རེ་རེ་ཐོས་སྐབས་མི་རྣམས་ལ་རེ་བ་དང་སེམས་ཤུགས་སྦྱིན་བཞིན་ཡོད། 

    ཡིན་ནའང་རང་བྱུང་གོད་ཆག་གི་མདུན་དུ་སྐྱེ་བོ་ཀུན་ཉམ་ཆུང་ཤ་སྟག་རེད། འབྲེལ་བ་ཆད་པའི་མིས“ང་ལོག་ཡོང་བ་ཡིན”ཞེས་པའི་སྐད་ཆ་མགྱོགས་མྱུར་ཐོས་རྒྱུ་ཡོད་པ་དང་། རྨས་སྐྱོན་ཕོག་མཁན་ཚོ་ཉིན་བཞིན་དྲག་སྐྱེད་ཡོང་བ་ནི་ང་ཚོའི་སེམས་གསོ་ཆེ་ཤོས་ཡིན་ལ། རོགས་སྐྱོབ་བྱེད་མཁན་རྣམས་བདེ་མ་ཐང་མར་ལོག་ཐུབ་པ་ནི་ང་ཚོའི་རེ་བ་ཆེ་ཤོས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།