དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནེ་པ་ལར་འབྲེལ་བ་ཆད་པའི་ཀྲུང་གོའི་སྤྱི་དམངས་100ཙམ་ཡོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-08-27

    ཚེས་27ཉིན་གྱི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་དྲི་བར་ལན་སྐྱོན་སྐབས། བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེས་རྐྱེན་པས་ཀྲུང་གོ་དང་ནེ་པ་ལའི་རྒྱལ་ཁབ་གཉིས་པོའི་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་དང་འབྲེལ་བ་ཆད་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་མཉམ་དུ་འཚོལ་སྐྱོབ་ལས་དོན་ཧུར་ཐག་སྒྲུབ་བཞིན་ཡོད་པ་རེད།

    ལིན་ཅན་གྱིས་བརྗོད་དོན། ས་གནས་དེ་གས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན།  མིག་སྔར་གནོད་འཚེ་ཕོག་པའི་ས་ཁུལ་དུ་རྒྱལ་ཁོངས་གཞན་གྱི་འབྲེལ་བ་ཆད་པའི་མི་260ཡོད་པ་ཤེས་རྟོགས་བྱུང་བ་དང་མི་གྲངས་ཞིབ་ཕྲ་ཞིབ་རྩིས་རྒྱག་བཞིན་ཡོད། ནེ་པ་ལའི་ཕྱོགས་ཀྱི་གནོད་འཚེ་ཕོག་པའི་ས་ཁུལ་དུ་འབྲེལ་བ་ཆད་པའི་ཀྲུང་གོའི་སྤྱི་དམངས་བརྒྱ་ཙམ་ཡོད་པ་དང་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་གིས་ནེ་པ་ལའི་ཕྱོགས་དང་ཞིབ་དཔྱད་གསལ་པོ་བྱེད་བཞིན་ཡོད་པ་རེད། ང་ཚོས་ནེ་པ་ལའི་ཕྱོགས་སུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཉེན་གཡོལ་གནས་སྤོ་བྱེད་དགོས་པ་དང་ཞོར་ཐོན་གནོད་འཚེར་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་སླར་ཡང་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།