དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་གྲོ་ཉོ་སྒྲུབ་བྱེད་ཚད་ཏུན་ཁྲི་9000ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-27

    རང་རྒྱལ་གྱི་དབྱར་འབྲུ་ཉོ་སྒྲུབ་མང་བའི་དུས་ཚིགས་སུ་སླེབས་ཤིང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་འབྲུ་རིགས་གཉེར་སྐྱོང་བྱེད་པོ་ཁག་གིས་རིམ་རྩིས་བརྒྱབ་ན་གྲོ་ཏུན་ཁྲི་9000ལྷག་ཙམ་ཉོ་སྒྲུབ་བྱས་པ་དང་། ལྷོ་ཕྱོགས་ཀྱི་སྔ་སྨིན་ཆུ་འབྲས་གཅིག་སྡུད་ཐོག་ཁྲོམ་རར་བཏོན་ཡོད། ས་གནས་ཁག་གི་ཉོ་སྒྲུབ་ལས་དོན་རིམ་པ་ལྟར་སྤེལ་བ་དང་ཉོ་སྒྲུབ་ཀྱི་འཕེལ་རིམ་ཧྲིལ་པོ་བདེ་བླག་བྱུང་ཡོད།

    རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་འབྲུ་འདེབས་ཞིང་པའི་ཁེ་ཕན་སྲུང་སྐྱོང་བྱ་ཆེད། ཟླ་8པ་ནས་བཟུང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྔ་རྗེས་སུ་ཅང་ཤིས་དང་ཧུའུ་ནན་དུ་སྔ་སྨིན་ཆུ་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་ལག་བསྟར་སྔོན་ཇུས་ལག་ལེན་བསྟར་འགོ་ཚུགས་པ་དང་། ཧོ་ནན་དང་ཨན་ཧུའེ་རུ་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་ལག་བསྟར་སྔོན་ཇུས་ལག་ལེན་བསྟར་འགོ་ཚུགས་ཏེ་སྲིད་ཇུས་ཀྱི་ཐ་སྐྱོང་ནུས་པ་བཏོན་ནས་ཁྲོམ་རའི་སྔོན་དཔག་བརྟན་དུ་བཏང་ཡོད་ཅེས་བརྗོད་པ་རེད།

    གོམ་སྟབས་རྗེས་མར། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་བསྡུ་ཉར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཆར་པ་འབབ་པ་སོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་མུ་མཐུད་བརྟག་ཞིབ་བྱས་ཏེ། འབྲེལ་ཡོད་ཞིང་ཆེན་ལ་སྲོ་སྐམ་བསྡུ་ཉར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཉོ་སྒྲུབ་བཀོད་སྒྲིག་ཡག་པོ་བྱས་ནས་ཞིང་དུད་ལ་འབྲུ་རིགས་ཐོན་སྐྱེད་བྱས་རྗེས་ཀྱི་གྱོང་གུན་ཉུང་དུ་གཏོང་རོགས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་འབྲུ་རིགས་ཐོན་ཚོང་མཉམ་ལས་དང་ཞིང་ལས་ཁེ་ལས་སྦྲེལ་མཐུད་ཟབ་ཏུ་བཏང་ནས་ཞིང་པའི་འབྲུ་རིགས་བྲིན་ཚོང་བདེ་བླག་ཡོང་བའི་འགན་ལེན་བྱས་ཏེ་ཁྲོམ་ར་འཁོར་སྐྱོད་བརྟན་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།