དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཝུའེ་ཞེ་ཀེ་ལ་ཏེ་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ཀྱི་མདུན་ལམ་ལ་རྒྱང་ལྟ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་ར་ཐི་སི་ལ་ཝ་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། “ཀྲུང་གོ་དང་ཝུའེ་ཞེ་ཀེ་ལ་ཏེ་ཚོགས་པ(V4)རྒྱལ་ཁབ་འབྲེལ་བ། མདུན་སྐྱོད་ཀྱི་ལམ་བུ”ཞེས་པའི་བགྲོ་གླེང་ཚོགས་འདུ་སི་ལོ་ཝ་ཁེ་ཡའི་རྒྱལ་ས་པི་ར་ཐི་སི་ལ་ཝར་འཚོགས་ཤིང་། ཚོགས་ཞུགས་པས་V4ཚོགས་པའི་ད་ལྟའི་གནས་ཚུལ་དང་འབྱུང་འགྱུར་དང་། རྒྱལ་ཁབ་ཁག་དང་ཀྲུང་གོས་དེ་བས་ལེགས་པའི་ངང་དངོས་སྒྲུབ་གཉིས་ཕན་གྱི་མཉམ་ལས་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྤེལ་རེས་དང་དཔྱད་བསྡུར་གཏིང་ཟབ་བྱས་པ་རེད།

    བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོ་ཧྥུའུ་ཏན་སློབ་ཆེན་ཀྲུང་ཡོའི་འབྲེལ་བའི་ཞིབ་འཇུག་ལྟེ་གནས་དང་སི་ལོ་ཝ་ཁེ་ཡའི་རིག་མཛོད་དབྱེ་ཞིབ—འཐབ་ཇུས—ཚབ་བྱེད་ཇུས་གཞི་ཞིབ་འཇུག་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་གོ་དང་། V4ཚོགས་པ(ཕོ་ལན་དང་། ཧང་ག་རི། ཅེ་ཁེ། སི་ལོ་ཝ་ཁེ་ཡ)དང་འཇར་མན་སོགས་རྒྱལ་ཁབ་ཀྱི་མཐོ་སློབ་ཀྱི་མཁས་དབང་དང་། རིག་མཛོད་ཀྱི་རིགས་གཅིག་མཁས་ཅན། སྲིད་གཞུང་གི་དཔོན་རིགས། དེ་བཞིན་ཁེ་ལས་རིགས་ཁོངས་ཀྱི་མི་སྣ་བཅས་ཚོགས་འདུར་ཞུགས་ཡོད། ཚོགས་ཞུགས་མི་སྣས་V4མི་མངོན་པའི“བསྐྱར་དར་གྱི་དུས་མཚམས”སུ་སླེབས་པ་དང་། ཀྲུང་གོ་འདི་ཉིད“ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཚམས་སུ་སླེབས་པས་ཕྱོགས་གཉིས་དབར་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་དངོས་སྒྲུབ་མཉམ་ལས་དེ་བས་མང་བ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།