དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་སེ་ནེ་ཀལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་སྔ་སྣུར་དུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-27

    ཤིན་ཧྭ་གསར་འགྱུར་ཁང་སེ་ནེ་ཀལ་གྱི་གྲོང་ཁྱེར་ཅ་ཆ་དབྱི་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་ཁུར་བའི་མུའུ་པུར་ནས་ཁོ་ལ་ཁེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ལ་ཚེས་22ཉིན་སེ་ནེ་ཀལ་ནུབ་རྒྱུད་ཀྱི་ཅེ་སི་ཁུལ་ཆེན་མུའུ་པུར་ཞིང་ཆེན་ཅ་ཆ་དབྱི་གྲོང་ཁྱེར་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་པ་རེད།

    སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། རྣམ་གྲངས་དེས་སེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་མོ་མཚོན་པས། དེར་སེ་ནེ་ཀལ་དབུས་རྒྱུད་ས་ཁུལ་གྱི་དམངས་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་པ་དང་དབུས་རྒྱུད་ས་ཁུལ་དང་ས་ཁུལ་གཞན་དག་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ལྡན་ཡོད། རྣམ་གྲངས་དེ་ཟླ་དགུ་པའི་ཟླ་མཇུག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་ད་ཆ་སྔ་སྣུར་དུ་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།