མཉམ་འབྲེལ་རྒྱལ་ཚོགས་མི་ཐབས་རིག་ནུས་དང་མིའི་རིགས་འཕེལ་རྒྱས་ཀྱི་གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས་ཤིས་ཨན་དུ་བྱས་པ།
ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་མི་ཐབས་རིག་ནུས་དང་མིའི་རིགས་འཕེལ་རྒྱས་ཀྱི་གོ་ལ་ཧྲིལ་པོའི་སྐད་ཆ་ཤོད་རེས་ཀྱི་རིམ་སྤེལ་བྱེད་སྒོ་ཁག་གསུམ་པ་ཧྲའན་ཤིས་ཤིས་ཨན་དུ་གཉེར་བ་རེད། ད་རེས་ཀྱི་སྐད་ཆ་ཤོད་རེས་དེ་སྲིད་ཇུས་བཟོ་མཁན་དང་། ལག་རྩལ་གྱི་རིགས་གཅིག་མཁས་ཅན། རིག་གཞུང་ལས་རིགས་ཀྱི་མི་སྣ། རིག་གནས་ལས་རིགས་ཀྱི་འཐུས་མི་སོགས་མཉམ་དུ་འཛོམས་ནས་མི་ཐབས་རིག་ནུས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་དང་འཕེལ་རིམ་བསྐྱར་འཛུགས་ཇི་ལྟར་བྱེད་བཞིན་ཡོད་པར་དམིགས་ཡོད།
ད་རེས་ཀྱི་བྱེད་སྒོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ནཱ·མུའུ་ཧན་མོ་ཏེས་སྐོང་བསྡུ་བྱས་པ་མ་ཟད། ཀྲུང་གོ་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་དང་མཉམ་ལས་བྱས་ནས་སྤེལ་བ་ཞིག་རེད། རིམ་སྤེལ་གྱི་སྐད་ཆ་ཤོད་རེས་དེས་དེ་གོང་ཁེ་རོ་དང་མོ་ཞི་ཁོ་གྲོང་ཁྱེར་དུ་ཚོགས་འདུ་ཁག་གཉིས་འཚོགས་ཡོད།
འབྲེལ་ཡོད་གསར་འགྱུར།