“རྒྱ་སྐད་འབྲེལ་ཟམ”གྱི་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་རྒྱ་ཡིག་འགྲན་བསྡུར་གྱི་སྤྱིའི་མཐའ་བསྡུར་གཉེར་བ།
གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། “རྒྱ་སྐད་འབྲེལ་ཟམ”གྱི་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་རྒྱ་ཡིག་འགྲན་བསྡུར་སྐབས་ཉེར་ལྔ་པའི་གོ་ལ་ཧྲིལ་པོའི་སྤྱིའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཉིན་ཤས་གོང་ཧྥུའུ་ཅན་ཞ་མོན་དུ་འཚོགས་ཤིང་། སྐབས་འདིའི་འགྲན་བསྡུར་ད་ལོའི་ཟླ་2པར་འགོ་ཚུགས་པ་དང་རྒྱལ་ཁབ་140ལྷག་ཙམ་ནས་ཡོང་བའི་སློབ་གྲྭ་ཆེ་མོ་བ་ཁྲི་5ལྷག་ཙམ་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། “རྒྱ་སྐད་འབྲེལ་ཟམ”བཙུགས་ཚུན། གོ་ལ་ཧྲིལ་པོའི་རྒྱལ་ཁབ་160ལྷག་ཙམ་གྱི་རྒྱ་ཡིག་ལ་དགའ་པོ་ཡོད་མཁན་ཁྲི་180ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་འཛམ་གླིང་གཞོན་ནུ་ཚོས་རྒྱ་ཡིག་སྦྱོང་བ་དང་། ཀྲུང་གོ་ཤེས་རྟོགས་བྱེད་པ། མཛའ་གཅུགས་ཟབ་ཏུ་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། སློབ་གསོ་པུའི་འགན་འཁུར་བས“རྒྱ་སྐད་འབྲེལ་ཟམ”གྱི་རིམ་སྤེལ་འགྲན་བསྡུར་ཡག་པོ་གཉེར་བར་མུ་མཐུད་རྒྱབ་སྐྱོར་བྱས་ནས་རྒྱ་ཡིག་སློབ་གསོའི་སྤེལ་རེས་ལ་སྐུལ་འདེད་གཏོང་གི་ཡིན། རྒྱལ་ཁབ་ཁག་གི་གཞོན་ནུས་རྒྱ་ཡིག་སྦྱོང་རྒྱུ་དེ“སྐད་ཡིག་ཁོང་དུ་ཆུད་པ”ནས“ཤེས་དཔལ་གླེང་མོལ”ལ་རིམ་སྤོར་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་ལ་སྔར་བས་ངོས་འཛིན་དང་ཤེས་རྟོགས་ཐུབ་པར་བྱས་ནས་བསམ་བློ་དང་མཛའ་གྲོགས་ཀྱི་འདུ་ཤེས་ཟབ་ཏུ་རྒྱུན་མཐུད་གཏོང་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་སྐད་ཡིག་རིག་གནས་རྨང་གཞིར་བྱས་ཏེ། རང་འགུལ་ངང་ལག་རྩལ་གསར་པ་སྦྱོང་བ་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་ཆ་གསར་པ་སྤྱོད་མཁས་པོ་བྱས་ནས་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྐད་ཡིག་ལ་བརྟེན་ནས་འཛམ་གླིང་དང་འབྲེལ་གཏུག་བྱེད་པ་དང་། ལག་རྩལ་གསར་པར་བརྟེན་ནས་འབྱུང་འགྱུར་གཏོད་པའི་ཤེས་ལྡན་པ་གསར་པར་འགྱུར་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།