སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁྲི་3བཏང་ནས་བོད་ཀྱིས་གནོད་འཚེའི་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་26ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རྒུད་སྐྱོབ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡུལ་གྱི་རྒུད་སྐྱོབ་ལས་དོན་གྱི་དགོས་མཁོར་དམིགས་ནས། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་གུར་དང་། ལྕགས་ཐབ། གྱོན་གོས། ཉལ་ཆས། ཉལ་ཁྲི། བཞའ་གདན་སོགས་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁྲི་3བཏང་ནས་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་རྒུད་སྐྱོབ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།