སྡེ་ཚན་གཉིས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.2བཏང་སྟེ་བོད་ཀྱིས་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཟླ་8ཚེས་26ཉིན། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། དེ་ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2འཕྲལ་མར་བཏང་སྟེ། བོད་ཀྱིས་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་རོགས་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་དང་། གཙོ་བོ་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་དེ་བཞིན་གཏོར་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་ཉམས་བཟོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་གནོད་འཚེའི་གྱོང་གུན་ཆུང་དུ་དང་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།