ཆུ་བེད་པུས་བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་ལས་དོན་འཕྲལ་མར་བཀོད་སྒྲིག་བྱས་པ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཡི་ཐོག་ཆུ་བེད་པུས་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་ཚབས་ཆེན་གྱི་བཀོད་གཏོང་བཀོད་འདོམས་ལམ་སྲོལ་འཕྲལ་མར་ལག་ལེན་བསྟར་ནས། བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་ལས་དོན་འཕྲལ་མར་གྲོས་མོལ་དང་བཀོད་སྒྲིག་བྱས་པ་རེད། ཆུ་བེད་པུས་ཆེད་དོན་གྲོས་མོལ་བྱས་ཏེ་བོད་ལྗོངས་སྐྱིད་གྲོང་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་ཆར་ཆུའི་གནས་ཚུལ་དང་འཁྱགས་རོམ་དང་འཁྱགས་མཚོའི་རྒྱ་ཁྱོན་གྱི་འགྱུར་ལྡོག་ལ་དབྱེ་ཞིབ་དང་། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འབྱུང་རྐྱེན་ལ་དབྱེ་ཞིབ། གནོད་འཚེ་ཐོན་སའི་སྨད་རྒྱུད་ཀྱི་མི་འབོར་ཁྱབ་ཚུལ་དང་འབྲེལ་ཡོད་ས་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་བརྡར་དཔྱོད་བཅས་བྱས་ནས། དབྱེ་ཞིབ་བརྡར་དཔྱོད་བྱས་འབྲས་དུས་ཐོག་ཏུ་བོད་ལྗོངས་ཆུ་བེད་ཐིང་ལ་མཉམ་སྤྱོད་བྱས་ཏེ། གནོད་འཚེ་འཕྲལ་སྡོམ་ཐག་གཅོད་ཡག་པོ་བྱེད་པར་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།