དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 《མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-27

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་8ཚེས་20ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་པ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད》ཀྱི་མི་སྤྱི་ཁྱབ་ཁོངས་དང་འབྲེལ་བའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཞིབ་ཕྲ། 《མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཀྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་སྒྲུབ་འགན་འཁུར་བ་བཅས་བྱས་པས། དེ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཞིང་ཆེན་ཡོངས་ཀྱི་མི་སྤྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་རེད།

    《འཆར་འགོད》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། མི་ཤུགས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞི། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དམིགས་ཚད་བཅས་སུ་བརྩིས་ནས། ལས་ཞུགས་བརྟན་པོ་དང་། དམངས་འཚོ་འགན་སྲུང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཞིང་ཆེན་ཡོངས་ཀྱི་མི་སྤྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་གཙོ་བོ་དང་སྔོན་དཔག་དམིགས་ཚད་བཏོན་ཡོད་པ་རེད།

    《འཆར་འགོད》ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མཁན་ཁྲི་30མང་དུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་500གཞན་སྒྱུར་གྱི་དམིགས་ཚད་ལས་འགན་ཁ་གསལ་བཏོན་པ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་གཞི་ཁྱོན་ཆེན་པོས་སྤེལ་བ། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཡོང་འབབ་བགོ་བཤའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། སྤྱི་པའི་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་8ཐད་ཀྱི་ཞིབ་ཕྲའི་ལག་ལེན་བྱ་ཐབས་དང་གཙོ་གནད་ལས་འགན་34བཏོན་པ་མ་ཟད། ཆེད་དོན་ལེ་ཚན་6བཀོད་སྒྲིག་བྱས་ཏེ། ལས་ཞུགས་སྤུས་འབྲས་ལེགས་གཉེར་དང། “རྩལ་ནུས་ཀྱིས་མདུན་ལམ་གསལ་བའི”གསོ་སྦྱོང་། སྤྱི་ཚོགས་འགན་སྲུང་སྤྱི་པའི་ཞབས་ཞུའི་ལས་སྟེགས་ལེགས་གཏོང་། ཤེས་ལྡན་པ་རྩ་སྲ་རྨང་བརྟན། གྲངས་རིག་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ་སོགས་ཀྱི་བྱ་སྤྱོད་འཆར་གཞི་གལ་ཆེན་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།