དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་སུའུ་དང་མཚོ་སྔོན་གྱིས་མདོ་ལ་རིང་མོའི་ས་མཚམས་བརྒལ་བའི་མཉམ་འབྲེལ་ཁྲིམས་སྒྱུར་བྱེད་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-27

    ཉེ་ཆར། ཀན་སུའུ་དང་མཚོ་སྔོན་གྱིས་2026ལོའི་ལོ་འཁོར་གྱི་ཞིང་ཆེན་གཉིས་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཉམ་འབྲེལ་ཁྲིམས་སྒྱུར་མཐུན་སྦྱོར་ཚོགས་འདུ་དང་མདོ་ལ་རིང་མོའི་ས་ཁོངས(ཅིའུ་ཆོན་གྲོང་ཁྱེར་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་བར)ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཉམ་འབྲེལ་ཁྲིམས་སྒྱུར་གྱི་སྐོར་ཞིབ་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་སྒྱུར་སྐོར་ཞིབ་བྱེད་རིང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཀན་སུའུ་དང་མཚོ་སྔོན་ས་མཚམས་ཀྱི་མིའི་རིགས་ཀྱི་བྱེད་སྒོའི་འགྱུར་ལྡོག་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་ནས་ས་མཚམས་ས་ཁོངས་ཀྱི་ཐོན་ལས་ཁྱད་ཆོས་དང་། ལོ་རྒྱུས་ཀྱི་བཅོས་སྒྲིག་གནད་དོན། ལྟ་འདོམས་ཉེན་ཁའི་གནས་བཅས་དང་ཟུང་འབྲེལ་གྱིས་གཏེར་རི་སྔོག་འདོན་དང་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་སྒྱུར་སྐོར་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།