དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་རོགས་སྐྱོབ་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-27

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རྒུད་སྐྱོབ་ཨུ་ལྷན་གྱིས་ཟླ་8ཚེས་26ཉིན་གྱི་དགོང་མོ་བརྡ་ཐོ་བཏང་བ་ལྟར་ན། ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་འཕྲལ་སྡོམ་སྔོན་ཇུས》ལག་བསྟར་བྱེད་པའི་ཆ་རྐྱེན་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རྒུད་སྐྱོབ་ཨུ་ལྷན་གྱི་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་རོགས་སྐྱོབ་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད།

    བརྡ་ཐོའི་ནང་བོད་རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རྒུད་སྐྱོབ་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་ནུས་དང་ལས་འགན་ཁག་བགོས་གཞིར་བཟུང་གེགས་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།