དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་འདི་བོད་ལ་འབྱོར་འདུག
ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་གསལ། ནུབ་རྒྱུད་དམག་འཐབ་ཁུལ་གྱི་མཛུབ་ཁྲིད་ཚོགས་ཆུང་ནུབ་རྒྱུད་དམག་འཐབ་ཁུལ་གྱི་མཁའ་དམག་-20དམག་སྤྱོད་སྐྱེལ་འདྲེན་གནམ་གྲུར་བསྡད་ནས་བོད་དུ་འབྱོར་བ་དང་། མི་དམངས་བུ་ཕྲུག་དམག་མི་སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་ཁུལ་དུ་མཉམ་འབྲེལ་རོགས་སྐྱོབ་བྱ་རྒྱུ་ཡིན་པ་རེད།
འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་ཀྲུང་གོའི་རོགས་སྐྱོབ་རུ་ཁག་བོད་ལྗོངས་གཞིས་རྩེའི་སྐྱིད་གྲོང་གེགས་ཁུལ་དུ་རོགས་སྐྱོབ་ལ་མངགས་པ་དང་། མིག་སྔར། ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་གནམ་གྲུ་གཞིས་རྩེར་བབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན གནམ་གྲུ་དེའི་ནང་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་མི་111ཡོད་ཅིང་། དེ་དག་མང་ཆེ་བ་པེ་ཅིང་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་སི་ཁྲོན་ཞིང་ཆེན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་ནས་ཡིན་པ་དང་། ཁོང་ཚོས་རོགས་སྐྱོབ་སྒྲིག་ཆས་མང་པོ་ཁྱེར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།