ནེ་པ་ལའི་མི་157གྲོངས་པ་དང་ཡུལ་སྐོར་བ་484འབྲེལ་བ་ཆད་པ།
ཚེས་26ཉིན་ནེ་པ་ལའི་བྱང་རྒྱུད་ཀྱི་རི་ཟུར་ས་ཁུལ་དུ་ཆུ་ལོག་ཐོན་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་ཤེས་རྟོགས་བྱུང་བར་ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ནེ་པ་ལའི་བྱང་རྒྱུད་ས་ཁུལ་དུ་ཆུ་ལོག་ཐོན་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་157བར་འཕར་ཡོད།
ནེ་པ་ལའི་ཙུང་ལིའི་གཞུང་ལས་ཁང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་གྱི་དགོང་མོའི་བར་ནེ་པ་ལའི་བྱང་རྒྱུད་ས་ཁུལ་དུ་ཆུ་ལོག་ཐོན་ནས་ཡུལ་སྐོར་བ་484འབྲེལ་བ་ཆད་པའི་ནང་རྒྱལ་ཁོངས་གཞན་གྱི་མི་391ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།